སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་2015ལོའི་ལས་ཀར་ཕྱིར་རྟོག་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-26


     སྤྱི་ཟླ་1པོའི་ཚེས་1ཉིན། 《སི་ཁྲོན་ཞིང་ཆེན་གྱི་རྩ་ཁྲིམས་དམ་བཅའ་འཇོག་པའི་ལམ་ལུགས་ལག་བསྟར་བྱེད་ཐབས།》དངོས་སུ་ལག་བསྟར་བྱས། ཚེས་22ཉིན། ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་ཐེངས་ཉེར་གཅིག་པའི་སྟེང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཐོག་མའི་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ།  
    《རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྩ་ཁྲིམས་དམ་བཅའ་འཇོག་པའི་ལམ་ལུགས་ལག་བསྟར་སྐོར་གྱི་ཆོད་དོན།》ལྟར། སི་ཁྲོན་པར་གཞིའི་རྩ་ཁྲིམས་དམ་བཅའ་འཇོག་པའི་ལམ་ལུགས་གཏན་འབེབས་བྱས་པ་དེ་ནི་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་ཨུ་ལྷན་གྱིས་2015ལོར་འགན་སྒྲུབ་གྱི་དབང་ཆ་སྤྱད་པའི་བསྡུས་གཟུགས་ཤིག་རེད།
   2015ལོར། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅུ། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཏུང་མིང་གིས་སྐབས་བཅུ་གཉིས་པའི་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པའི་སྟེང་གི་བླང་བྱ་ལྟར། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱས་ཏེ་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ་གསུམ་ལག་བསྟར་བྱེད་པ་དང་མཆོང་སྐྱོད་གཉིས་ལ་སྐུལ་འདེད་གཏང་པའི་ཁྲོད་རང་འགུལ་ངང་བྱ་སྤྱོད་སྤེལ་བ། གཙོད་གནད་ཁྱབ་ཁུངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ཁྲོད་དཀའ་གནད་ཆེན་པོ་སེལ་བ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བ་དང་ནན་ཏན་གྱིས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏང་བ། རང་ངོས་ཀྱི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏང་ནས་འགན་སྒྲུབ་ནུས་པ་མཐོར་འདེགས་སུ་གཏང་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1