སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་ཚོགས་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-27



     ཝང་ཏུང་མིང་གིས་གྲོས་ཚོགས་འགོ་ཚུགས་པའི་མཛད་སྒོའི་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་། དབྱི་ལེ་ཡིས་སྲིད་གཞུང་ལས་ཀའི་སྙན་ཞུ་ཕུལ་ཞིང་ཁོ་ཙུ་ཕིང་ཚོགས་འདུར་ཞུགས།
     སི་ཁྲོན་མི་དམངས་ཀྱི་མངག་བཅོལ་གལ་ཆེན་ཕྲག་ཏུ་འཁུར་ནས། ཐུན་མོང་གིས་འབྱུང་འགྱུར་གྱི་འཕེལ་རྒྱས་འཆར་འགོད་བཏོན། སྤྱི་ཟླ་1པོའི་ཚེས་25ཉིན་གྱི་སྔ་དྲོར། ཚང་མས་དོ་ཁུར་ཆེན་པོ་བྱེད་པའི་སི་ཁྲོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཁྲེན་ཏུའུ་ཅིན་ཅང་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་ཚུགས།
     ཚོགས་ཆེན་ནང་ཞུགས་དགོས་པའི་འཐུས་མི་881ཡོད་ལ། དངོས་སུ་ཕེབས་པ་848ཡོད། དེ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།
     ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལས་འཛིན་ཀྲུའུ་ཞི་ཝང་ཏུང་མིང་གིས་གྲོས་ཚོགས་འགོ་ཚུགས་པའི་མཛད་སྒོར་གཙོ་སྐྱོང་གནང་ཞིང་། ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལས་འཛིན་ཀྲུའུ་ཞི་ཧྥན་རུའེ་ཕིང་། ཁྲེང་ཀོང་ཀྲི། ཀྲང་ཏུང་ཧྲེང་། ཧོང་རུན་ཆིའུ། ཕེང་ཡུས། ལིའུ་ཏའོ་ཕིང་། ཙེང་ཧྲེང་ཆོན། ལི་ཞང་ཀྲི་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་སུ་བཞུགས།
     ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུ་ཕིང་ཚོགས་འདུར་ཕེབས་ཤིང་ཀྲུའུ་ཞི་སྟེགས་བའི་སྟེང་དུ་བཞུགས། སྔ་དྲོའི་ཆུ་ཚད་10ཡི་སྟེང་། ཝང་ཏུང་མིང་གིས་སི་ཁྲོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བཚོགས་འདུ་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་ཤིང་། ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།
     ཞིང་དཔོན་གཞོན་པ། ཞིང་དཔོན་འཐུས་ཚབ་དབྱི་ལེ་ཡིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ལས་ཀའི་སྙན་ཞུ་ཕུལ། སྙན་ཞུ་ནི་ཁག་གསུམ་ལས་གྲུབ་པ་སྟེ། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཕེལ་རྒྱས་ཀྱི་་གྲུབ་འབྲུས་གཙོ་བོ་དང་2015ལོའི་ལས་ཀའི་ཕྱིར་དྲན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཕེལ་རྒྱས་ཀྱི་བསམ་གཞིག་གཙོ་བོ། 2016ལོའི་གཙོ་གནད་ལས་ཀ་བཅས་ཡིན།
     ཚོགས་འདུའི་གྲོས་རིམ་ལྟར། ཚོགས་ཆེན་སྟེང་སི་ཁྲོན་ཞིང་ཆེན་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཀྱི་རྩ་གནད་ཇུས་གཞི་དང་། སི་ཁྲོན་ཞིང་ཆེན་2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་ལག་བསྟར་གནས་ཚུལ་དང་2016ལོའི་འཆར་གཞིའི་ཇུས་འགོད་སྐོར་གྱི་སྙན་ཞུ། སི་ཁྲོན་ཞིང་ཆེན་2015ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་དང་2016ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་བཅས་པར་འགྲེམས་བྱས་ཏེ་འཐུས་མི་རྣམས་ལ་ཞིབ་བཤེར་བྱེད་དུ་བཅུག།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1