《ཁམས་པའི་འཛུམ་རིས།》སྤྱིའི་འདོན་ཐེངས་བཅུ་གཅིག་པ་པར་བསྐྲུན་འགྲེམ་སྤེལ་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-27


  ཁམས་པའི་འཛུམ་རིས་སྤྱིའི་འདོན་ཐེངས་བཅུ་གཅིག་པ་སྟེ་སྤྱི་ལོ་2015ལོའི་འདོན་ཐེངས་གཉིས་པ་ཉེ་ཆར་པར་དུ་བསྐྲུན་ཏེ་དངོས་སུ་སྒོར་ཐོན་ཡོད། ཐེངས་འདིའི་ཆེད་དེབ་འདིའང་སྔོན་གྱི་ཆེད་བསྒྲིགས་ཀྱི་དུས་དེབ་བཅུ་པོ་ལྟར་ཁམས་སྟོད་སྒ་སྐྱེ་རྒུ་མདོའམ་ཡུལ་ཤུལ་ས་ཁུལ་གྱི་དམངས་ཁྲོད་ན་ལུས་ཤིང་རིམ་བཞིན་ནུབ་ལ་ཉེ་བའི་ཡུལ་སྲོལ་གོམས་གཤིས་གང་མང་ཞིག་སྔོག་འདོན་དང་རྒྱུད་འཛིན་ཐུབ་པའི་ཆེད་དང་། ལོ་རྒྱུས་རིག་གནས་ཀྱི་ལམ་ཆེན་ལ་ལེགས་པར་འཇུག་རྒྱུའི་སྐུལ་སློང་བཟང་པོ་ལ་བརྟེན་ནས་ས་ཁུལ་རང་གི་ལོ་རྒྱུས་རིག་གནས་དང་དམངས་ཁྲོད་ཀྱི་དུས་ཆེན། གནས་རི་འགངས་ཆེན། ཡུལ་ཤུལ་ས་ཁུལ་དུ་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་ཀྱི་ལས་ལ་བྱས་རྗེས་ཆེ་བའི་མི་སྣ་དང་རྒྱལ་སྤྱིའི་སྒང་ལ་ཤུགས་རྐྱེན་ཟབ་པའི་གསར་བྱུང་གི་ཉེ་རབས་མི་སྣ། ཡུལ་ཤུལ་ས་ཁུལ་གྱི་གླིང་གེ་སར་རིག་གནས་སོགས་གཙོ་བོར་བྱས་ནས་པར་དུ་བསྡེབས་པའི་དམངས་ཁྲོད་རིག་གནས་དང་ལོ་རྒྱུས་རིག་གནས་རང་བཞིན་གྱི་ཆེད་དེབ་ཅིག་ཏུ་བསྒྲིགས་ཏེ་པར་དུ་བསྐྲུན་ཡོད་ལ། རྒྱ་ཆེའི་ཀློག་པ་པོ་རྣམ་པས་གཟིགས་ཀློག་དང་མི་འདང་བའི་ཆ་ནས་སྐྱོན་བརྗོད་ལྷུག་པོ་ཡོད་པར་འཚལ།།

                                                        《ཁམས་པའི་འཛུམ་རིས།》རྩོམ་སྒྲིག་པས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1