༄༅།། མཐོ་སྒང་གི་རྒྱུན་མཐོང་ནད་རིགས་ཏེ་གློ་གཅོང་ནད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-04


གཅིག གློ་གཅོང་ནད་ཀྱི་གནོད་འཚེ་དང་མཆེད་སྟངས།
  མཁའ་དབུགས་ལས་བགོ་བ་ནི་གཅོང་ནད་ཀྱི་མཆེད་ལམ་ཆེས་གཙོ་བོ་ཡིན། འགུལ་སྐྱོད་རང་བཞིན་གྱི་གློ་གཅོང་ནད་ཕོག་པའི་ནད་པ་ལུ་བ་དང་ཧབ་སྦྲིད་རྒྱག་པ། སྐད་གསེང་མཐོན་པོས་སྐད་ཆ་བཤད་པ་བཅས་ཀྱི་སྐབས་སུ་འབུ་ཕྲ་ཡོད་པའི་མཆིལ་ཟེགས་ཕྱིར་ཕུད་དེ་མཁའ་དབུགས་ཁྲོད་ཁྱབ་ལ། མི་གཞན་གྱིས་དེ་རྔུབ་རྗེས་འགོ་སླ། 
  གློ་གཅོང་ནད་ཀྱིས་མིའི་རིགས་ལ་ལོ་ངོ་སྟོང་ཕྲག་དུ་མར་གནོད་འཚེ་བཏང་ཞིང་། དེས་མིའི་རིགས་ལ་ནད་འཕར་ཚད་མཐོན་པོ་དང་འཆི་ཚད་མཐོན་པོ་བཟོས་པས། ལོ་རྒྱུས་སྟེང ་གཅོང་ནད་ཅན་བཅུ་ལས་དགུ་འཆི་ཞེས་པའི་བཤད་སྲོལ་ཡོད་ལ། དེ་ལས་ནད་དེའི་གནོད་འཚེ་ཚབས་ཆེ་བ་ཤེས་ཐུབ། ཡིན་ནའང་ད་ལྟའི་བར་དུ་དེ་ནི་མཚོ་བོད་མཐོ་སྒང་ས་ཁུལ་གྱི་མི་དམངས་ཀྱི་བདེ་ཐང་ལ་གནོད་འཚེ་གཏོང་བའི་དལ་ལངས་རང་བཞིན་གྱི་ནད་ཅིག་ཡིན་པ་དང་། འཛམ་གླིང་ཡོངས་སུ་འཕར་ཚད་ཆེས་མཐོ་བའི་ནད་ལ་གཏོགས།
 གཉིས། སྔོན་འགོག་བྱེད་ཐབས།
1 དམངས་ཡོངས་ལ་འཕྲོད་བསྟེན་གྱི་འདུ་ཤེས་ཆགས་པ་དང་། མི་སྒེར་གྱི་འཕྲོད་བསྟེན་ལ་མཉམ་འཇོག་བྱེད་པའི་སློབ་གསོ་གཏང་དགོས། 
2འཇུ་ལམ་ལ་གཉན་ཚད་རྒྱས་པར་གཡོལ་ཏེ། ཟས་གང་འདོད་དུ་ཟ་བ་དང་ཟས་སོགས་ཆེད་སྤྱོད་བྱེད་དགོས།
3 གློ་གཅོང་ནད་དུ་གཏན་ཁེལ་བྱས་པའི་ནད་པ་ལོགས་སུ་བགར་དགོས།
4ཉལ་གོས་དང་ཉལ་གདན་རྒྱུན་དུ་ཉི་མར་གཡེང་བ་དང་། ཁང་བའི་ནང་མཁའ་དབུགས་གསར་པ་རྒྱུ་རུ་འཇུག་དགོས།
 5.བྱིས་པར་ཁ་ཅེ་མེའོ་ཞེས་པའི་རིམས་འགོག་སྨན་ཁབ་རྒྱག་དགོས།
 གློ་གཅོང་ནད་ཀྱི་རྫས་འགྱུར་སྨན་བཅོས་ནི་ནད་པར་སྨན་བཅོས་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་ཡིན་ལ། འགོ་ཁུངས་མེད་པར་བཟོ་བ་དང་གཅོང་ནད་མཆེད་པར་ཚོད་འཛིན་བྱེད་པའི་ལག་རྩལ་གྱི་ཐབས་ཤེས་ཤིག་ཀྱང་ཡིན། ཐད་ཀར་གྱི་ལྟ་སྐུལ་སློབ་སྟོན་འོག་གི་ཡུན་ཐུང་བཅོས་ཐབས་ནི་དེང་སྐབས་གཅོང་ནད་ཚོད་འཛིན་བྱེད་པའི་སྨན་བཅོས་བྱེད་ཐབས་ཆེས་ནུས་ལྡན་ཞིག་ཡིན། དེས་གློ་གཅོང་ནད་པ་མང་ཤོས་སངས་དྲག་བཟོ་ཐུབ་པ་དང་། གཅོང་ནད་འགོ་བ་དང་། སྨན་གྱིས་མི་ཕན་པའི་ནད་རིགས་སྣ་ཚོགས་འབྱུང་བ་འགོག་ཐུབ་པར་མ་ཟད། སྨན་ཁང་དུ་སྡོད་མི་དགོས་པར་ཁྱིམ་ནས་གསོས་ན་ནད་དྲག་ཏུ་འཇུག་ཐུབ་པས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་ཐུབ་པ་ནི་དེ་བས་ཀྱང་སྨོས་མ་དགོས།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1