༄༅།། ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་འགྲེལ་བརྗོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-04


  2015ལོའི་ཟླ་བ་8པའི་ཚེས་24ཉིན་ནས་ཚེས་25ཉིན་བར་། ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དེ་རྒྱལ་ས་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་། 

  བཅོས་བསྒྱུར་སྒོ་འབྱེད་བྱེད་ཚུན། ཀྲུང་དབྱང་གིས་སྔོན་རྗེས་སུ་1980ལོ་དང་། 1984ལོ། 1994ལོ། 2001ལོ། 2010ལོ་བཅས་ཐེངས་ལྔའི་རིང་དུ་བོད་ལྗོངས་ལས་ཀའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་མྱངས་ཤིང་། ཚོགས་འདུ་ཐེངས་རེ་རེར་འགངས་ཆེི་བའི་བྱེད་ཐབས་བཏོན་ནས་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་སྐུལ་འདེད་ཐེབས་ཡོད། 
  ཐེངས་འདིའི་ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པར་བསམ་བློ་གསར་པ་དང་། བླང་བྱ་གསར་པ། བཀོད་སྒྲིག་གསར་པ་གང་དག་ཡོད་དམ། 
     རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་བརླིང་ཡོང་བ་བྱེད་དགོས་ཞེས་པའི་འཐབ་ཇུས་དགོངས་དོན།
  བོད་ལྗོངས་ནི་དམིགས་བསལ་གྱི་རྒྱལ་ཁོངས་མཐའ་མཚམས་ཀྱི་མི་རིགས་ས་ཁུལ་ཡིན་ཞིང་། རྒྱལ་ཁབ་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཁེབས་གལ་ཆེ་ཤོས་ཡིན། བོད་ལྗོངས་ཀྱི་ལས་ཀ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་དང་འབྲེལ་བ་ཆེན་པོ་ཡོད། བོད་ལྗོངས་ཀྱི་ལས་ཀ་ཁག་ཡག་པོ་བསྒྲུབ་རྒྱུ་ནི་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་བོད་ཁུལ་བཞིའི་ས་གནས་རང་བཞིན་གྱི་ལས་ཀ་ཙམ་མ་ཡིན་ལ་ཁྱབ་ཁོངས་ག་གེ་མོ་ཞིག་གི་སྡེ་ཁག་རང་བཞིན་གྱི་ལས་ཀ་ཞིག་ཀྱང་མ་ཡིན། འདི་ནི་ཁྱོན་ཡོངས་རང་བཞིན་གྱི་ལས་ཀ་ཞིག་ཡིན་པས་ཏང་ཡོངས་ཀྱིས་མཉམ་སྒྲུབ་བྱེད་དགོས་ལ་རྒྱལ་ཡོངས་ཀྱིས་རྒྱབ་སྐྱོར་ཐོབ་དགོས། 
ངེས་པར་དུ་དྲུག་ཅེས་པའི་ཏང་གི་བོད་སྐྱོང་ཐབས་ཇུས།
  ལོ་ངོ་60ལྷག་ཙམ་གྱི་ལག་ལེན་གྱི་བརྒྱུད་རིམ་ནང་དུ་ང་ཚོར་ཏང་གི་བོད་སྐྱོང་ཐབས་ཇུས་ཆགས་པ་དེ་ནི་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བཅས་བྱ་དགོས་པ་དང་། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་བརླིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་དགོངས་པ་རྒྱུན་འཁྱོངས་བྱ་དགོས་པ་དང་། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་པོར་གཏོང་བ་བཅས་ཀྱི་རྩ་དོན་གལ་ཆེན་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་བོད་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་ཁོང་དུ་བརྟན་པོར་ཆུད་པར་བྱས་ཏེ་དམངས་འཚོ་ལེགས་གཏོང་དང་། མི་སེམས་གཅིག་འགྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ཐོག་ཏུ་འབབ་གནས་བྱས་ནས་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་པའི་བྱེད་ཕྱོགས་སྲིད་ཇུས་ལ་འགྱུར་བ་མི་གཏོང་བ་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཁྱོན་ཡོངས་ནས་དང་ཡང་དག་པའི་ངང་ལག་བསྟར་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ཁས་ལེན་ཚད་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས། ངེས་པར་དུ་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དེ་དང་བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དཀའ་སྤྱད་འབད་འཐབ་ཟུང་འབྲེལ་དམ་ཟབ་བྱས་ནས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པའི་ཁྲོད་དུ་བོད་ལྗོངས་ཀྱི་ལས་ཀ་ཁག་ཡག་པོ་སྒྲུབ་དགོས། ངེས་པར་དུ་རིམ་པ་ཁག་གི་ཏང་རྩ་འཛུགས་དང་ལས་བྱེད་པ། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ནས་བོད་ལྗོངས་སུ་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་པོར་གཏང་དགོས་པ་བཅས་ཡིན།
 བོད་ལྗོངས་ལས་ཀའི་འགངས་ཆེ་བའི་རྩ་དོན་ཡིག་འབྲུ་ཉི་ཤུ་མ། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་པོར་གཏང་བ།
  ཁྲིམས་ལྟར་བོད་སྐྱོང་ཞེས་པ་ནི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོབ་བྱས་ནས་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱེད་དགོས་པ་དེ་རེད། དམངས་ཕྱུག་བོད་དར་ཞེས་པ་ནི་རིགས་སོ་སོའི་མང་ཚོགས་ལ་བདེ་སྐྱིད་སྐྲུན་པར་སྐུལ་འདེད་གཏོང་བའི་ལས་ཀ་དེ་བོད་ལྗོངས་དར་རྒྱས་སུ་གཏོང་བའི་མགོ་ཚུགས་ས་དང་རྐང་འཛུགས་སར་བརྩིས་ནས། མི་རིགས་མཐུན་སྒྲིལ་དང་དམངས་འཚོ་ཇེ་ལེགས་སུ་གཏོང་བར་དམ་པོར་དམིགས་ནས་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་དང་། སྤྱི་ཚོགས་ཁྱོན་ཡོངས་ནས་གོང་འཕེལ་དུ་གཏོང་བར་ཡར་སྐུལ། རིགས་སོ་སོའི་མང་ཚོགས་ཀྱིས་མཉམ་དུ་སྔར་ལས་བཟང་པོའི་སྒོ་ནས་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པར་བྱ་རྒྱུ་དེ་རེད། ཡུན་རིང་བོད་སྐྲུན་ཞེས་པ་ནི་གཟབ་ནན་དང་བརྟན་པོའི་ངང་འཕེལ་རྒྱས་གཏོང་བའི་བྱེད་ཕྱོགས་རྒྱུན་འཁྱོངས་ཀྱིས་ལས་ཀ་མཐའ་དག་ཕུགས་ལ་དམིགས་པ་དང་བྱེད་ཐབས་མཐའ་དག་ལ་རྒྱུན་མཐུད་རང་བཞིན་ལྡན་དགོས་པ་དེ་རེད། མི་སེམས་གཅིག་འགྲིལ་ཞེས་པ་ནི་དངོས་པོའི་སྟོབས་ཤུགས་དང་བསམ་པའི་སྟོབས་ཤུགས་ཟུང་འབྲེལ་བྱས་ནས་མི་སེམས་དང་སྟོབས་ཤུགས་དེ་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐོག་གཅིག་འགྲིལ་བྱེད་དགོས་པ་དེ་རེད། རྨང་གཞི་བརྟན་པོར་གཏང་བ་ཞེས་པ་ནི་རྩ་ལག་མཉམ་བཅོས་དང་རྩ་བཅོས་གལ་ཆེར་འཛིན་ནས་རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པའི་ལས་དོན་མང་ཙམ་བསྒྲུབས་ཏེ་གཞི་རིམ་རྩ་འཛུགས་སྟོབས་ཤུགས་ཇེ་ཆེར་གཏང་བ་དང་། རྨང་གཞིའི་ལས་དོན་ངེས་པ་དོན་གྱིས་སྒྲུབ་དགོས་པ་དེ་རེད།
བོད་ལྗོངས་ལས་ཀ་ཅི་འདྲའི་སྒོ་ནས་རྩ་བར་འཛིན་དགོས།
  བོད་ལྗོངས་ཀྱི་ལས་ཀའི་དམིགས་ས་དང་ཤུགས་འདོན་ས་དེ་ངེས་པར་དུ་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པའི་སྟེང་འཇོག་དགོས།
  བོད་ལྗོངས་སུ། རིགས་སོ་སོའི་མི་དམངས་རྣམས་ཀྱི་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་པའི་དངོས་པོ་རིག་གནས་ཀྱི་དགོས་མཁོ་དང་རྗེས་སུ་ལུས་པའི་སྤྱི་ཚོགས་ཐོན་སྐྱེད་བར་གྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་མེད། རིགས་སོ་སོའི་མི་དམངས་རྣམས་ཀྱི་ཁ་བྲལ་སྟོབས་ཤུགས་བར་གྱི་དམིགས་བསལ་གྱི་འགལ་བ་ལ་འགྱུར་ལྡོག་བྱུང་མེད། དུས་མཚུངས་སུ། འགལ་བ་འདི་གཉིས་ཐག་གཅོད་ཡག་པོ་བྱས་ན། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་ཤུགས་རྐྱེན་མི་འདྲ་བ་ཐེབས་ཡོང་། གལ་ཏེ་བོད་ལྗོངས་སུ་ཁ་བྲལ་ལ་རྒོལ་བའི་འཐབ་འཁྲུག་དང་མི་རིགས་མཐུན་སྒྲིལ་ཕྱོགས་སུ་གནད་དོན་བྱུང་ན། རང་རྒྱལ་གྱི་བཅོས་བསྒྱུར་འཕེལ་རྒྱས་དང་བརྟན་བརླིང་སྤྱི་ཡོངས་ལ་ཤུགས་རྐྱེན་ཐེབས་ཡོང་། ང་ཚོའི་འཐབ་ཇུས་ཀྱི་གོ་སྐབས་སྤྱི་ལ་བར་ཆད་བཟོ་ཡོང་། གནད་དོན་འདི་གསལ་མོར་རྟོགས་ན། ད་གཟོད་དོན་ངོ་མར་བོད་ལྗོངས་ཀྱི་ལས་ཀའི་རྩ་གནད་དེ་འཛིན་ཐུབ། 
བོད་ལྗོངས་ཀྱི་ཁྱོན་ཡོངས་ཀྱི་འབྱོར་འབྲིང་དམིགས་འབེན་དེ་དངོས་དོན་བདེན་འཚོལ་རྒྱུན་འཁྱོངས་བྱེད་དགོས། 
  ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ངེས་པར་དུ་རྒྱལ་ཡོངས་དང་མཉམ་སྐྱོད་ཡིན་དགོས། འོན་ཀྱང་ཚད་གཞི་གཅིག་རྐྱང་དུ་འཛིན་མི་རུང་། བོད་ལྗོངས་ཀྱི་ཚད་གཞི་ནང་ས་དང་གཅིག་རྐྱང་ཡིན་མི་རུང་། ཐོན་སྐྱེད་སྤྱིའི་བསྡོམས་འབོར་གྱི་སྟོན་ཕྱོགས་ཤུགས་ཆེ་རུ་བཏང་མི་རུང་ཞིང་དམངས་འཚོའི་སྟོན་ཕྱོགས་འབུར་དུ་ཐོན་དགོས། དམངས་འཚོའི་དམིགས་ཚད་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་དབུལ་སེལ་ཐག་གཅོད་དང་། ཤུགས་ཆེན་པོས་སློབ་གསོ་འཕེལ་རྒྱས་གཏང་བ། འབད་པ་ཆེན་པོས་ལས་ཞུགས་ལ་སྐུལ་སྤེལ་གཏོང་བ་བཅས་གནས་གཙོ་བོ་རུ་འཇོག་དགོས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་གོ་གནས་གལ་ཆེ་བས་སྐྱེ་ཁམས་སྲུང་སྐྱོང་བྱེད་པ་དེ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ཡོང་བའི་བྱས་རྗེས་ཆེས་ཆེ་བ་དེ་ཡིན།

མི་རིགས་ལས་ཀར་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ བཅས་རྒྱུན་འཁྱོངས་བྱེད་དགོས།

  ལོ་རྒྱུས་ཀྱི་ངོས་ནས་བལྟས་ན། མདོ་དབུས་མཐོ་སྒང་ནི་རི་མཐོ་གཡང་གཟར་དང་ལམ་ཐག་རིང་བ་ཡིན་མོད། འོན་ཀྱང་རིགས་སོ་སོའི་མི་དམངས་རྣམས་ཕན་ཚུན་བར་འབྲེལ་འདྲིས་བྱེད་པར་བཀག་འགོག་བྱེད་མེད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཏང་གིས་དབུ་ཁྲིད་གནང་བའི་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་འབུམ་ལ་རང་དབང་གི་བཅིངས་འགྲོལ་ཐོབ། རྨང་གཞི་འདིའི་སྟེང་ནས་དོན་དངོས་ཀྱི་མི་རིགས་མཐུན་སྒྲིལ་ཆེན་མོ་མངོན་འགྱུར་བྱུང་། ལོ་རྒྱུས་དང་དངོས་ཡོད་ལས་གསལ་བཤད་གང་ལེགས་བྱས་ཡོད་པ་ནི། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བྱས་པ་ནི་མི་རིགས་མང་བའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་གཅིག་གྱུར་དང་། དར་རྒྱས་གོང་འཕེལ་འགྲོ་བའི་ལོ་རྒྱུས་ཀྱི་ཆོས་ཉིད་ཡིན། མི་རིགས་སོ་སོའི་མང་ཚོགས་བར་ཕན་ཚུན་རྒྱུས་ལོན་ཟབ་མོ་དང་། ཕན་ཚུན་བར་རོགས་རམ་བྱེད་པ། ཕན་ཚུན་བར་གུས་ཞབས་བྱེད་པ། ཕན་ཚུན་བར་སློབ་སྦྱོང་བཅས་བྱེད་ན་ད་གཟོད་དོན་དངོས་སུ་ང་ཚོའི་རྒྱལ་ཁབ་འདི་མཐུན་སྒྲིལ་གཅེས་བརྩེ་དང་། བདེ་སྐྱིད་གཡང་ལྡན་གྱི་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོ་ཞིག་ཡིན།     

བོད་བརྒྱུད་ནང་བསྟན་གྱི་ལས་ཀ་ཁག་ལ་ཆབ་སྲིད་ཐོག་ནས་མཐུན་སྒྲིལ་དང་། དད་མོས་ཐོག་ནས་བརྩི་བཀུར་བྱེད་དགོས། 
     བོད་བརྒྱུད་ནང་བསྟན་ཁག་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་ཡོད་པ་དང་། བོད་བརྒྱུད་ནང་བསྟན་ཁག་གི་གྲྭ་བཙུན་མང་ཆེ་ཤོས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་དབུ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་བརྩི་བཀུར་བྱེད་བཞིན་ཡོད། རྒྱ་ཆེ་བའི་ཆོས་དད་མང་ཚོགས་ཚོའི་ངོས་ནས་བཤད་ན། ང་ཚོའི་སྤྱིའི་ལམ་ཕྱོགས་ནི་ཆབ་སྲིད་ཐོག་ནས་མཐུན་སྒྲིལ་དང་། དད་མོས་ཐོག་ནས་བརྩི་བཀུར་བྱེད་རྒྱུ་དེ་ཡིན།ཁ་བྲལ་ཚོགས་ཁག་དང་འཐབ་རྩོད་བྱེད་པར་རང་དགར་གྱིས་མང་ཚོགས་ཀྱི་ཆོས་དད་རང་མོས་ཀྱི་དབང་ཆ་ལ་ཐེ་གཏོགས་དང་བཀག་འགོག་བྱེད་མི་རུང་། དུས་མཚུངས་སུ། ངེས་པར་དུ་དགོན་པའི་དོ་དམ་ལ་ཤུགས་སྣོན་བྱེད་དགོས་པ་དང་། རང་རྐྱ་འཕེལ་བའི་སྒོ་ནས་རང་བདག་རང་གཉེར་གྱི་རྩ་དོན་རྒྱུན་འཁྱོངས་དང་། རྒྱ་ཆེན་པོས་རྒྱལ་གཅེས་ཆོས་གཅེས་ཀྱི་ཆོས་ལུགས་ལས་རིགས་ཁག་གི་ཚབ་མཚོན་མི་སྣ་གསོ་སྐྱོང་བྱ་དགོས། ཆོས་ལུགས་ལས་རིགས་ཁག་གི་མི་སྣ་རྣམ་པར་སྤྱི་ཚོགས་རིང་ལུགས་སྲོག་ཤིང་གི་རིན་ཐང་ལྟ་བས་ཆོས་ཀྱི་འདུལ་ཁྲིམས་ལ་སྣེ་ཁྲིད་བྱས་ཏེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་སྤེལ་གཏང་དགོས།

ཏང་གི་དབུ་ཁྲིད་ལ་ཏང་གི་གསར་སྐྲུན་ནུས་ཤུགས་དང་གོང་བུར་སྒྲིལ་ཤུགས། འཐབ་འཛིང་སྟོབས་ཤུགས་ཇེ་ཆེར་གཏང་དགོས།

  མི་རིགས་ས་ཁུལ་གྱི་ལས་བྱེད་པའི་ཆབ་སྲིད་ཀྱི་ཚད་གཞི་ནན་མོ་བྱེད་དགོས་པ་དང་། དོན་དངོས་ཀྱིས་ཡིན་མིན་གྱི་ལངས་ཕྱོགས་ལ་གསལ་འབྱེད་བྱེད་ཤེས་ཤིང་རིགས་ལམ་གསལ་དགོས། མི་རིགས་མཐུན་སྒྲིལ་གྱི་བྱ་སྤྱོད་སྲུང་སྐྱོང་བྱེད་པར་ལྷག་པར་དུ་བློ་བརྟན་འགྱུར་མེད་དང་། རིགས་སོ་སོའི་མང་ཚོགས་བར་གྱི་བརྩེ་སེམས་དེ་ལྷག་པར་དུ་ཟབ་མོ་ཡིན་དགོས།

  ལས་ཀའི་སྤྱོད་ཚུལ་ནན་མོ་བྱེད་དགོས་པ་དང་།  མཐོ་སྒང་ནས་ལས་ཀ་སྒྲུབ་པར་ཆེས་དཀོན་པ་ནི་དབྱང་དབུགས་ཡིན་ལ། ཆེས་རྩ་ཆེ་བ་ནི་སྙིང་སྟོབས་ཡིན། དུས་དང་གནས་གང་ཡིན་རུང་སྒེར་སེམས་མེད་པའི་ལེགས་སྐྱེས་དང་། དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་འདོར་མི་རུང་། རྒྱུན་ཆད་མེད་པར་བོད་ལྗོངས་པ་རྒན་པའི་སྙིང་སྟོབས་ལ་དུས་རབས་གསར་བའི་ནང་དོན་སྣོན་དགོས། བརྩེ་བ་དངོས་ཀྱིས་ལས་བྱེད་པར་ཐུགས་ཁུར་བྱ་དགོས། བོད་ལྗོངས་དམིགས་བསལ་གྱི་ཟླ་ཕོགས་སྲིད་ཇུས་དང་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་ས་གནས་གཞས་པས་འགྲན་ཡ་བྱེད་མི་རུང་། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1