བོད་ལྗོངས་ཀྱི་སྤྱི་པའི་རིག་གནས་སྒྲིག་བཀོད་ཚང་མ་རིན་མེད་ངང་སྒོ་འབྱེད་བྱས་པ་དང་། སྤྱི་པའི་རིག་གནས་ཞབས་ཞུས་ཞིང་འབྲོག་མི་དམངས་ལ་ཕན་བཏགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-16


    རྒྱུས་ལོན་བྱས་པ་ལྟར་ན།  མིག་སྔར་བོད་ལྗོངས་སུ་ཞིང་སྡེའི་དཔེ་ཁང་5451དང་། དགོན་སྡེའི་དཔེ་ཁང་1784བསྐྲུན་པ་དང་། ཞིང་སྡེ་དང་དགོན་སྡེར་དཔེ་ཁང་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་ཡོད། 
    ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ནས་རྒྱུས་ལོན་བྱས་པ་ལྟར་ན།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས། རྒྱལ་ཁབ་ཀྱིས་བོད་ལྗོངས་དཔེ་མཛོད་ཁང་དང་མང་ཚོགས་སྒྱུ་རྩལ་ཁང་། དངོས་མང་བཤམས་སྟོན་ཁང་། ཡུལ་ཤོག་དང་གྲོང་རྡལ་གྱི་རིག་གནས་ས་ཚིགས་སོགས་གཙོ་གནད་ཀྱི་སྤྱི་པའི་རིག་གནས་སྒྲིག་བཀོད་རྣམ་གྲངས་ཐད་མ་རྩ་སྒོར་དུང་ཕྱུར་13ལས་བརྒལ་བ་བཏང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1