ལི་ཁེ་ཆང་གིས་གཙོ་སྐྱོང་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


 

  སྤྱི་ཟླ་2པའི་ཚེས་17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གཙོ་སྐྱོང་མཛད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས་ཏེ་2015ལོའི་རྒྱལ་ཡོངས་གྲོས་ཚོགས་གཉིས་ཀྱི་གྲོས་གཞི་བསྒྲུབས་པའི་ལས་ཀའི་སྙན་ཞུ་ལ་གསན་ཞིང་བློ་གྲོས་གཅིག་བསྡུ་སྒོས་སྤྱིའི་ཇུས་ཆོད་ཀྱི་ཆུ་ཚད་མཐོར་འདེགས་དང་ཚན་རྩལ་གྲུབ་འབྲས་བསྒྱུར་བཀོད་བྱེད་པའི་སྲིད་ཇུས་བྱེད་ཐབས་གཏན་འཁེལ་བྱས་པར་མ་ཟད། ཚན་རྩལ་དང་དཔལ་འབྱོར་གྱི་མཉམ་འབྲེལ་གཏིང་ཟབ་ཏུ་ཕྱིན་པར་སྐུལ་འདེད་གཏང་།

  གྲོས་ཚོགས་ལས་བསྟན་དོན། མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་གྲོས་གཞི་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་ཡིས་ལས་རིགས་སོ་སོའི་བློ་གྲོས་གཅིག་བསྡུ་བྱས་ཤིང་དེ་ནི་སྲིད་གཞུང་གིས་མི་དམངས་ཀྱི་འདོད་བློར་རྒྱུས་ལོན་དང་བསྡུ་ལེན་བྱེད་པ་དང་། མི་དམས་ཀྱི་ལྟ་རྟོག་དང་ལེན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། གྲོས་གཞི་ལེགས་པོ་བསྒྲུབ་ན་ཤུགས་ཆེན་པོའི་ཚན་རིག་དང་དམངས་གཙོ་ལག་བསྟར་བྱེད་པར་སྐུལ་འདེད་དང་སྲིད་གཞུང་གི་སྤྱིའི་ཡིད་རྟོན་ནུས་ཤུགས་གོང་འཕེལ་དུ་གཏང་ཐུབ། གྲོས་ཚོགས་ལས་བསྟན་དོན། ད་ལོར་སྡེ་ཁག་སོ་སོས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གྲོས་གཞི་བསྒྲུབ་པའི་བྱ་བ་དེ་ལོ་གཅིག་གི་ལས་ཀ་གལ་ཆེན་དུ་བརྩིས་ཏེ་སྲིད་གཞུང་གི་ལས་ཀའི་ཕན་འབྲས་མཐོར་འདེགས་སུ་གཏང་དགོས་ཏེ་གཅིག་ནས་ནན་ཏན་སྒོས་འོས་འགན་ལ་འགན་ཁུར་བ་དང་དུས་ལྟར་སྤྱི་བསྡོམས་བྱས་ཏེ་གྲོས་གཞི་རེ་རེར་དངོས་འབེབས་དང་དོན་དག་རེ་རེར་ལན་གདབ་དགོས། གཉིས་ནས་རྟོག་ཞིབ་དང་འདྲི་ཞིབ་སོགས་ཀྱི་འབྲེལ་འདྲེས་ལམ་ལུགས་འཐུས་ཚང་དུ་གཏང་དགོས། གསུམ་ནས་དཔྱད་ཞིབ་འདྲི་གཅོད་ལ་ཤུགས་སྣོན་བྱ་དགོས། བཞི་ནས་ལས་ཀའི་གོ་རིམ་གསར་གཏོད་བྱ་དགོས། ལྔ་ནས་ཁྲིམས་ལྟར་བརྟན་བརླིང་སྒོས་ལས་ཀ་བསྒྲུབས་པའི་མཇུག་འབྲས་ཕྱི་བསྒྲགས་བྱེད་པར་སྐུལ་འདེད་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས། 
  གྲོས་ཚོགས་ལས་བསྟན་དོན། མགྱོགས་མྱུར་སྒོས་ཚན་རྩལ་གྲུབ་འབྲས་བསྒྱུར་འགོད་བྱས་ཏེ་ཚན་རྩལ་དང་དཔལ་འབྱོར་གྱི་འབྲེལ་ལམ་འཛུགས་སོགས། མྱུར་དུ་ཐོན་སྐྱེད་ནུས་ཤུགས་གསར་པ་གྲུབ་པ་དེས་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་དང་ལྷག་པར་མཁོ་འདོན་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་དང་གསར་གཏོད་ལག་ལེན་གྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་དང་དམངས་ཡོངས་ཀྱིས་བྱ་བཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་གཏང་ངེས། དེ་མིན་འཕེལ་རྒྱུས་ཀྱི་རྒྱུ་སྤུས་དང་ཕན་ཕྱོད་མཐོར་འདེགས་སུ་གཏང་བར་ཡང་དོན་སྙིང་གལ་ཆེན་ལྡན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1