སི་ཁྲོན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཀྱིས་གཙོ་གནད་དབུལ་སྐྱོར་ལས་གཞི་ཆེན་པོ་དགུ་ཁ་གསལ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-19


     སྤྱི་ཟླ་2པའི་ཚེས་15ཉིན། 《སི་ཁྲོན་ཞིང་ཆེན་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་བའི་འཆར་འགོད་རྩ་གནད།》དངོས་སུ་ཁྱབ་བསྒྲགས་བྱས། དབུལ་སྐྱོར་ནི་སི་ཁྲོན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ནང་གི་ལས་འགན་ཆེན་པོ་ཞིག་ཡིན་པའི་ཆ་ནས།《འཆར་འགོད་རྩ་གནད།》ནང་དུ་ལེ་ཚན་གཙོ་བོ་དུ་བཟུང་ནས་རྒྱས་བཤད་བྱས་ཡོད། 

     ཆིན་པ་རི་ཁུལ་དང་ཝུའུ་མེང་རི་ཁུལ། ལེའང་ཧྲན་དབྱི་ཁུལ་ཆེ་ཆུང་། མཐོ་སྒང་བོད་ཁུལ་བཅས་གཡུལ་ས་གཙོ་བོ་དུ་བཟུང་ནས། ཡུལ་ཁུལ་ཆེན་མོ་བཞིའི་ཕྱི་ནང་གི་དབུལ་སྐྱོར་འགག་སྒྲོལ་གཅིག་གྱུར་ངང་སྐུལ་འདེད་བྱེད་པ་དང་། ཁག་གཅིག་ལྔའི་དབུལ་སྐྱོར་འགག་སྒྲོལ་འཆར་གཞི་དང་དབུལ་སྐྱོར་ཆེད་དོན་འཆར་གཞི་ལག་བསྟར་བྱས་ཏེ་གསར་བརྗེའི་གནས་གཞི་རྙིང་པ་དང་མི་རིགས་ས་ཁུལ་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏང་བ་དང་། དུས་མཉམ་དང་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་འགན་ལེན་ཐུབ་པ་བཅས་བཏོན་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1