དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་ཁྲིམས་སྲོལ།2

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


དོན་ཚན་བཅུ་བཞི།རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་དེ་ཁུལ་དཔོན་དང་ཁུལ་དཔོན་གཞོན་པ།དྲུང་ཡིག་ཆེན་མོ་བ།ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན།ཅུས་ཀྲང་བཅས་ཀྱིས་སྒྲིག་འཛུགས་བྱེད་དགོས།
རང་སྐྱོང་ཁུལ་གྱི་ཁུལ་དཔོན་དང་ཁུལ་དཔོན་གཞོན་པ་དེ་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་འདེམ་བསྐོའམ་གནས་དབྱུང་གཏོང་རྒྱུ་དང་།དྲུང་ཡིག་ཆེན་མོ་དང་།ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན།ཅུས་ཀྲང་བཅས་དེ་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྐོ་འཐེན་བྱ་རྒྱུ།རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་འདུ་གྲོལ་བའི་དུས་རིམ་ནང་ཁུལ་དཔོན་གཞོན་པ་འགའ་རེ་བསྐོ་འཐེན་བྱ་རྒྱུ་དེ་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐག་གཅོད་བྱེད་ཆོག
རང་སྐྱོང་ཁུལ་གྱི་ཁུལ་དཔོན་དེ་བོད་རིགས་སྤྱི་དམངས་ཀྱིས་འགན་ཁུར་རྒྱུ་དང་།རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་གི་གྲུབ་མིའི་ནང་བོད་རིགས་དང་དེ་མིན་གྱི་གྲངས་ཉུང་མི་རིགས་ཀྱི་མི་སྣ་བརྒྱ་ཆ་བདུན་ཡན་ཆད་ཟིན་དགོས།
དོན་ཚན་བཅོ་ལྔ།རང་སྐྱོང་ལས་ཁུངས་ཀྱིས་ཁུ་བསྡུ་དང་གཅིག་གྱུར། ལས་ཆོད་བཅས་ཀྱི་རྩ་དོན་ལྟར་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་ལས་ཁུངས་དང་དོན་ལས་སྡེ་ཚན་གྱི་སྒྲིག་གཞི་འཛུགས་སྟངས་དང་མི་སྣའི་སྒྲིག་གཞི་ལེགས་སྒྲིག་བྱེད་པ་དང་ཆབས་ཅིགསི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཐོ་འགོད་སྙན་སེང་ཞུ་དགོས། 
དོན་ཚན་བཅུ་དྲུགརང་སྐྱོང་ལས་ཁུངས་ཀྱིས་བོད་རྒྱ་གཉིས་ཀྱི་སྐད་ཡིག་གིས་འགན་དབང་སྤྱོད་སའི་ལག་ཆ་བྱེད་དགོས། 
རང་སྐྱོང་ཁུལ་ནང་གི་རྒྱལ་ཁབ་ལས་ཁུངས་དང་ཚོགས་པ། ཁེ་ལས། དོན་ལས་སྡེ་ཚན། མངགས་བཏང་ལས་ཁུངས་བཅས་ཀྱི་ཐམ་ཀ་དང་སྒོ་ཡིགསྤྱི་ཚོགས་ཀྱི་སྤྱི་ཕན་འགྲེམ་ཡིག་དྲིལ་བསྒྲགས་ཀྱི་ཡིག་རིགས་གལ་ཆེན་བཅས་བོད་རྒྱ་ཤན་སྦྱར་གྱི་ཡི་གེ་བེད་སྤྱོད་བྱེད་དགོས
མི་རིགས་ཤང་ལ་ས་གནས་དེའི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་གཅིག་གམ་སྐད་ཡིག་མི་འདྲ་བ་འགའ་ཞིག་བེད་སྤྱོད་བྱེད་ཆོག
ལེའུ་གསུམ་པ། རང་སྐྱོང་ཁུལ་གྱི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་སྐོར།
དོན་ཚན་བཅུ་བདུན། རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གཉིས་ནི་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་ཀྱི་འདྲི་གཅོད་ལས་ཁུངས་དང་བཅའ་ཁྲིམས་ལག་བསྟར་བྱེད་པར་ལྟ་སྐུལ་བྱེད་མཁན་གྱི་ལས་ཁུངས་ཡིན་པས། ཁྲིམས་ལྟར་་སོ་སོས་རང་ཚུགས་ཀྱིས་འདྲི་གཅོད་དབང་ཆ་དང་ཞིབ་དཔྱོད་དབང་ཆ་ལག་ལེན་བྱ་རྒྱུ། 
དོན་ཚན་བཅོ་བརྒྱད། རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོའན་ཀྲང་དེ་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་འདེམས་བསྐོ་བྱེད་པའམ་གནས་དབྱུང་བྱ་རྒྱུ་དང་། ཡོའན་ཀྲང་གཞོན་པ་དང་འདྲ་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཐིང་ཀྲང་། ཐིང་ཀྲང་གཞོན་པ། འདྲི་གཅོད་པ་བཅས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྐོ་འཐེན་བྱ་རྒྱུ། རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་ནང་བོད་རིགས་སྤྱི་དམངས་ཀྱིས་ཡོའམ་ཀྲང་ངམ་ཡོའན་ཀྲང་གཞོན་པའི་འགན་ཁུར་མཁན་ཡོད་པ་བྱེད་དགོས། དེའི་ལས་སྒྲུབ་མི་སྣའི་ནང་ལ་བོད་རིགས་སྤྱི་དམངས་ཡོད་དགོས། 
རང་སྐྱོང་ཁུལ་གྱི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་དེ་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་འདེམ་བསྐོ་བྱེད་པའམ་གནས་དབྱུང་བྱེད་པ་དང་ཆབས་ཅིགབཅའ་ཁྲིམས་ལྟར་སི་ཁྲོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ལ་གོང་ཞུ་བྱས་ཏེ་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བྱེད་དགོས། ཅན་ཁྲ་ཀྲང་གཞོན་པ་དང་། ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིབ་དཔྱོད་པ་བཅས་དེ་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྐོ་འཐེན་བྱ་རྒྱུ། རང་སྐྱོང་ཁུལ་གྱི་མི་དམངས་ཞིབ་དཔྱོད་ཁང་ནང་བོད་རིགས་སྤྱི་དམངས་ཀྱིས་ཅན་ཁྲ་ཀྲང་ངམ་ཅན་ཁྲ་ཀྲང་གཞོན་པའི་འགན་ཁུར་མཁན་ཡོད་པ་བྱེད་དགོས། དེའི་ལས་སྒྲུབ་མི་སྣའི་ནང་བོད་རིགས་སྤྱི་དམངས་ཡོད་དགོས། 
དོན་ཚན་བཅུ་དགུ། རང་སྐྱོང་ཁུལ་གྱི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་གཞིར་ཞིབ་དཔྱོད་དང་འདྲི་གཅོད་བྱེད་སྐབས་མི་རིགས་ཁག་གི་སྤྱི་དམངས་ལ་བཅའ་ཁྲིམས་ལག་ལེན་བྱ་རྒྱུའི་ཐད་ཚང་མ་འདྲ་མཉམ་བྱེད་དགོས། 
རང་སྐྱོང་ཁུལ་གྱི་མི་རིགས་ཁག་གི་སྤྱི་དམངས་ལ་མི་རིགས་རང་ཉིད་ཀྱི་སྐད་ཡིག་སྤྱད་དེ་གཏུག་གཤེར་བྱ་རྒྱུའི་དབང་ཆ་ཡོད། རང་སྐྱོང་ཁུལ་གྱི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་གཞི་ཐག་གཅོད་བྱེད་སྐབས་བོད་རྒྱ་སྐད་ཡིག་གཉིས་སྤྱོད་དགོས། ཁྲིམས་དོན་གྱི་ཡིག་ཆ་འབྲི་སྐབས་དགོས་མཁོ་དངོས་ལ་གཞིགས་ཏེ་བོད་རྒྱ་སྐད་ཡིག་གཉིས་སྤྱོད་ཆོག་པའམ་དེའི་ནང་གི་སྐད་ཡིག་གཅིག་སྤྱོད་ནའང་ཆོགརྒྱའི་སྐད་ཡིག་གམ་བོད་ཀྱི་སྐད་ཡིག་མི་ཤེས་པའི་གཏུག་བཤེར་བྱེད་མཁན་ལ་སྐད་སྒྱུར་བྱེད་དགོས། 
རང་སྐྱོང་ཁུལ་གྱི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་བོད་རྒྱའི་སྐད་ཡིག་ཤེས་པའི་ལས་དོན་མི་སྣ་བཀོད་སྒྲིག་བྱེད་དགོས། 
ལེའུ་བཞི་པ། རང་སྐྱོང་ཁུལ་ནང་གི་མི་རིགས་བར་གྱི་འབྲེལ་བའི་སྐོར།
དོན་ཚན་ཉི་ཤུ། རང་སྐྱོང་ལས་ཁུངས་ཀྱིས་ཁུལ་ནང་གི་མི་རིགས་ཁག་ཚང་མར་འདྲ་མཉམ་གྱི་ཁེ་དབང་ལོངས་སུ་སྤྱོད་རྒྱུར་འགན་སྲུང་བྱེད་དགོས། 
རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མཐུན་སྒྲིལ་བྱས་ནས། ཁོ་ཚོའི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས་ཏེ་ཐུན་མོང་དུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འཛུགས་སྐྲུན་བྱེད་དགོས། 
དོན་ཚན་ཉེར་གཅིགརང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གི་ལས་བྱེད་པར་ཕན་ཚུན་སྐད་ཡིག་སློབ་སྦྱོང་བྱེད་རེས་བྱ་རྒྱུའི་སློབ་གསོ་དང་སྐུལ་མ་གཏོང་བ་དང་། རྒྱལ་ཡོངས་སུ་འཕྲོད་པའི་རྒྱ་སྐད་ཀྱི་ཕལ་སྐད་དང་ཚད་ལྡན་ཡི་གེ་ཁྱབ་སྤེལ་དང་བེད་སྤྱོད་བྱེད་དགོས། 
རང་སྐྱོང་ཁུལ་གྱི་རྒྱལ་ཁབ་ལས་ཁུངས་ཀྱིས་ལས་སྒྲུབ་མི་སྣས་ས་གནས་དེའི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པར་སློབ་གསོ་དང་སྐུལ་འདེད་བྱེད་དགོས། 
དོན་ཚན་ཉེར་གཉིས། རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་སྲིད་ཇུས་སློབ་གསོ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚང་མས་རྒྱ་རིགས་གྲངས་ཉུང་མི་རིགས་དང་བྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིག་དང་བྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཁག་བར་བྲལ་ཐབས་མེད་པ་བཅས་ཀྱི་བསམ་པ་འཛིན་ནས་ཚང་མས་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་སློབ་སྦྱོང་། ཕན་ཚུན་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས། ཆོས་དད་བཅས་ལ་བརྩི་འཇོག་བྱས་ཏེ། མི་རིགས་གང་ལ་བརྙས་བཅོས་དང་མཐོང་ཆུང་། གནོད་སྐྱེལ་བཅས་ཀྱི་གཏམ་དང་བྱ་སྤྱོད་མི་ཡོང་བར་ནན་འགོག་བྱས་ཏེ་ཐུན་མོང་དུ་མེས་རྒྱལ་གཅིག་གྱུར་དང་མི་རིགས་ཁག་གི་མཐུན་སྒྲིལ་འཚོ་སྲུང་བྱེད་དགོས། 
དོན་ཚན་ཉེར་གསུམ། རང་སྐྱོང་ལས་ཁུངས་ཀྱིས་ཁུལ་ནང་གི་གྲངས་ཉུང་མི་རིགས་གཞན་དག་གི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་འཕེལ་རྒྱས་གཏོང་རྒྱུར་སེམས་ཁུར་བྱས་ཏེ། ཁོ་ཚོའི་ཐོན་སྐྱེད་དང་འཚོ་བའི་ཐད་ཀྱི་བཀའ་ངལ་ཐག་གཅོད་བྱེད་པར་རོགས་རམ་བྱེད་པ་དང་། ཁོ་ཚོའི་ཁྱད་ཆོས་དང་དགོས་མཁོ་ལ་ལྟ་རྟོག་བྱེད་དགོས། 
རང་སྐྱོང་ལས་ཁུངས་ཀྱིས་ཁུལ་ནང་དུ་འདུས་སྡོད་བྱེད་པའི་དབྱིས་རིགས་དང་གྲངས་ཉུང་མི་རིགས་གཞན་དག་ལ་རང་སྐྱོང་རྫོང་ངམ་མི་རིགས་ཤང་འཛུགས་རྒྱུའི་ཆ་རྐྱེན་འཛོམས་པ་ཡིན་ཕྱིན། ཁོ་ཚོའི་འདོད་མོས་ལྟར་རང་སྐྱོང་ངམ་མི་རིགས་ཤང་འཛུགས་རོགས་བྱེད་དགོས། 
དོན་ཚན་ཉེར་བཞི། རང་སྐྱོང་ལས་ཁུངས་ཀྱིས་ཁུལ་ནང་གི་མི་རིགས་ཁག་གི་གནད་དོན་དམིགས་བསལ་ཅན་ཐག་གཅོད་བྱེད་སྐབས་ཁོ་ཚོའི་འཐུས་མི་དང་གྲོས་མོལ་གང་ལེགས་བྱེད་དགོས་པ་དང་། ཁོ་ཚོའི་བསམ་འཆར་ལ་བརྩི་འཇོག་བྱེད་དགོས། 
ལེའུ་ལྔ་པ། རང་སྐྱོང་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུའི་སྐོར། 
དོན་ཚན་ཉེར་ལྔ། རང་སྐྱོང་ལས་ཁུངས་ཀྱིས་རང་རེའི་ཁུལ་གྱི་ཁྱད་ཆོས་དང་ཆ་རྐྱེན་བཟང་པོར་གཞི་བཟུང་ནས་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་གཙོ་གནད་བྱས་ཏེ། རང་བདག་གིས་དཔལ་འབྱོར་འཛུགས་སྐྲུན་གྱི་བྱེད་ཕྱོགས་དང་སྲིད་ཇུས། འཆར་གཞི་བཅས་བཟོ་འགོད་བྱེད་པ་དང་། རང་སྐྱོང་ཁུལ་གྱི་བྱེད་ཕྱོགས་དང་སྲིད་ཇུས། འཆར་གཞི་བཅས་བཟོ་འགོད་བྱེད་པ་དང་། རང་སྐྱོང་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་གྱི་བྱ་གཞག་བཀོད་སྒྲིག་དང་དོ་དམ་བྱེད་དགོས། གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་རང་སྐྱོང་ཁུལ་ནང་ལ་རྨང་གཞིའི་སྒྲིག་བཀོད་སྒྲིག་གཤོམ་བྱེད་དུས་རང་སྐྱོང་ཁུལ་གྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་དེ་དང་ཆ་ཚང་སྒྲིག་རྒྱུའི་མ་དངུལ་ཉུང་དུ་གཏོང་བའམ་མེད་པར་བཟོ་རྒྱུའི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་ཆོག
དོན་ཚན་ཉེར་དྲུགརང་སྐྱོང་ལས་ཁུངས་ཀྱིས་རང་སྟོབས་རང་སྤེལ་དང་རྒྱལ་ཁབ་ཀྱིས་རོགས་སྐྱོར་བྱ་རྒྱུ་ཟུང་འབྲེལ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་དང་། བཅོས་བསྒྱུར་ཟབ་སྤེལ། ཤུགས་ཆེན་གྱིས་དཔལ་འབྱོར་སྒྲིག་གཞི་ལེགས་སྒྲིགཧུར་བརྩོན་གྱིས་ཀ་སྐྱོར་ལྟ་བུའི་ཐོན་ལས་གསོ་སྐྱོང་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། 
རང་སྐྱོང་ལས་ཁུངས་ཀྱི་སྤྱི་ལ་དབང་བས་གྲུབ་ཆ་གཙོག་བོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས་ནས། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་ཡོང་བའི་སྐུལ་འདེད་བྱེད་དགོས། 
དོན་ཚན་ཉེར་བདུན། རང་སྐྱོང་ལས་ཁུངས་ཀྱིས་རང་རེའི་ཁུལ་ནང་གི་ས་ཞིང་དང་ནགས་ཚལ། གཏེར་ཁ། ཆུ་བོ། རྩྭ་ཐང་། རི་བོ། རློན་འདམ་ས། རྩ་ཆེན་དང་དཀོན་པའི་སྲོག་ཆགས་དང་རྩི་ཤིང་སོགས་རང་བྱུང་ཐོན་ཁུངས་བཅའ་ཁྲིམས་ལྟར་གཅིག་གྱུར་གྱིས་དོ་དམ་དང་སྲུང་སྐྱོང་བྱེད་དགོས། རྩ་འཛུགས་དང་མི་སྒེར་སུ་ཞིག་གིས་དེ་བཙན་བཟུང་ངམ་གཏོར་བཤིག་བྱེད་པར་བཀག་འགོག་བྱེད་དགོས། 
རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་སྐྱེ་ཁམས་ཕན་ནུས་སྲུང་བྱའི་ས་ཁུལ་དང་རང་བྱུང་སྲུང་སྐྱོང་ས་ཁུལ། ཡུལ་ལྗོངས་གྲགས་ཅན་ས་ཁུལ། ནགས་ཚལ་སྤྱི་གླིང་། ས་གཤིས་རྗེས་ཤུལ། གནའ་བོའི་རིག་གནས་རྗེས་ཤུལ་རིག་གནས་ཤུལ་བཞག་བཅས་སྲུང་སྐྱོང་དང་འཛུགས་སྐྲུན། དོ་དམ་བཅས་བྱེད་དགོས། 
དོན་ཚན་ཉེར་བརྒྱད། རང་སྐྱོང་ཁུལ་གྱིས་ཐོན་ཁུངས་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ནས། རང་རེའི་ཁུལ་ནང་གི་རང་བྱུང་ཐོན་ཁུངས་ལ་ཁྲིམས་ལྟར་གཅིག་གྱུར་གྱིས་འཆར་འགོད་བྱེད་དགོས། རང་སྐྱོང་ལས་ཁུངས་ཀྱིས་རང་སྐྱོང་ཁུལ་གྱིས་གསར་སྦོལ་བྱེད་ཆོག་པའི་རང་བྱུང་ཐོན་ཁུངས་རྣམ་སྔོན་དུ་འོས་ཤིང་འཚམས་པའི་སྒོ་ནས་གསར་སྦོལ་བེད་སྤྱོད་བྱེད་ཆོག
རང་སྐྱོང་ལས་ཁུངས་ཀྱིས་ཕན་ཚུན་གཉིས་ཕན་གྱི་རྩ་དོན་ལྟར། དམིགས་བསལ་གྱི་སྲིད་ཇུས་དང་སྟབས་བསྟུན་གྱི་བྱེད་ཐབས་སྤྱད་ནས། མ་དངུལ་དང་ལག་རྩལ། ཤེས་ལྡན་མི་སྣ་བཅས་ནང་འདྲེན་བྱེད་པ་དང་། མ་དངུལ་འཇོག་མཁན་ཁེ་ལས་གྱི་ཁྲིམས་མཐུན་ཁེ་དབང་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་། རྣམ་པ་སྣ་ཚོགས་ཀྱི་དཔལ་འབྱོར་མཉམ་ལས། ཁྲིམས་ལྟར་རང་རེའི་ཁུལ་གྱི་ཐོན་ཁུངས་གསར་སྦོལ་དང་བེད་སྤྱོད། ཁེ་ལས་གསར་འཛུགས་བཅས་བྱེད་དགོས། 
དོན་ཚན་ཉེར་དགུ། རང་སྐྱོང་ཁུལ་གྱིས་ཁྲིམས་ལྟར་གཏེར་རྫས་ཐོན་ཁུངས་སྲུང་སྐྱོང་དང་དོ་དམ། གསར་སྦོལ་བེད་སྤྱོད་ལུགས་མཐུན་བྱེད་པ་དང་། གཏེར་འཚོལ་ཁེ་དབང་འཛིན་མཁན་དང་གཏེར་འདོན་ཁེ་དབང་འུཛིན་མཁན་གྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ། གཟིགས་སྐྱོང་སྲིད་ཇུས་གཏན་འབེབས་བྱས་ནས་དཔལ་འབྱོར་རྩ་འཛུགས་སྣ་ཚོགས་དང་མི་སྒེར་གྱིས་རང་སྐྱོང་ཁུལ་དུ་འོང་ནས་མ་དངུལ་འཇོགས་པ་དང་གཏེར་རྗས་ཐོན་ཁུངས་རྩད་ཞིབ་དང་སྔོག་འདོན་བྱེད་པར་སྐུལ་འདེད་བྱེད་དགོས། རང་སྐྱོང་ཁུལ་ནང་གི་གཏེར་རྫས་ཐོན་ཁུངས་ཀྱི་སྐྱིན་དངུལ་དེ་རྒྱལ་ཁབ་ལ་སྤྲོད་དགོས་པའི་ཆ་དེ་ཕུད། དེ་མིན་རྣམས་རང་སྐྱོང་ལ་ཁུལ་གྱིས་གཏེར་རྫས་ཐོན་བྱེད་ཁུངས་སྲུང་སྐྱོང་དང་རྩད་ཞིབ། གསར་སྦོལ་བཅས་བྱ་རྒྱུའི་ཐོག་ཆེན་སྤྱོད་བྱེད་དགོས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1