ཨེ་ཅིབ་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་སྔོན་མ་ཅཱ་ལི་ལ་དུར་འཇུག་ཆོ་ག་གཟབ་རྒྱས་སྒོས་སྤེལ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-19


          ཟླ་2པའི་ཚེས་18ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་སྔོན་མ་ཅཱ་ལི་ཡི་དུར་འཇུག་ཆོ་ག་ཁེ་རོའི་ཧྲེན་མ་ཁུ་ཆོས་ཁང་ཆེན་མོ་རུ་གཟབ་རྒྱས་སྒོས་སྤེལ། ཨེ་ཅིབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་སྔོན་མ་པུ་ཐའེ་ལའོ་སི་ཅཱ་ལི་ལ་དུར་འཇུག་དང་དྲན་གསོའི་ཆོ་ག་སྤེལ། ཅཱ་ལི་ནི་ཨེ་ཅིབ་ས་གནས་ཀྱི་དུས་ཚོད་ཚེས་16ཉིན་ཁེ་རོ་ཉེ་འགྲམ་གྱི་སྨན་ཁང་ཞིག་ཏུ་ཚེ་ལས་འདས་པ་དང་དགུང་ལོ་93ཡིན།  ཁོང་ནི་1922ལོར་ཨེ་ཅིབ་ཁེ་རོ་རུ་འཁྲུངས་ཤིང་1992ནས་1996བར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་བཞེས་གནང་།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1