སྐབས་བཅུ་གཉིས་པའི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་རེ་བརྒྱད་པའི་ཀྲུའུ་རེན་ཚོགས་འདུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


  སྤྱི་ཟླ་2པའི་ཚེས་18ཉིན། སྐབས་བཅུ་གཉིས་པའི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་རེ་བརྒྱད་པའི་ཀྲུའུ་རེན་ཚོགས་འདུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཏུང་མིང་གིས་མངགས་བཅོལ་ལྟར། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཁྲེང་ཀོང་ཀྲི་ཡིས་ཚོགས་འདུར་གཙོ་སྐྱོང་གནང་། 
  གྲོས་ཚོགས་སྟེང་ཝང་ཏུང་མིང་གིས་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པ་གྲོལ་སྐབས་གནང་བའི་གཏམ་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་2016ལོའི་ལྟ་སྐུལ་ལས་ཀའི་འཆར་གཞི་(འཆར་ཟིན།)དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིའི་2016ལོའི་སློབ་སྦྱོང་ཚོགས་འདུའི་འཆར་གཞི།(འཆར་ཟིན།) ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་2016ལོའི་ཁྲིམས་འཛུགས་འཆར་གཞི་(འཆར་ཟིན)དང་2016ལོའི་གཙོ་གནད་གྲོས་གཞིའི་ཞིབ་དཔྱད་འཆར་གཞི་(འཆར་ཟིན།)ལ་གྲོས་བསྡུར་བྱས།
  ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཏུང་ཧྲེང་། ཧང་ཡན་རུང་། ཧང་རུན་ཆིའུ། ཕེང་ཡུས། ལིའུ་ཏའོ་ཕིན། ཙེང་ཧྲེང་ཆོན། ལི་ཞང་ཀྲི། ལིའུ་ཙུའོ་མིང་། དྲུང་ཡིག་ཆེན་མོ་ཅའོ་ཝེ་ཞ་བཅས་ཚོགས་འདུར་ཞུགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1