ཧྲའོ་ལིན་དྲག་རྩལ་ཕ་ལི་སི་ཐན་དུ་བསྐྱོད་པ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-23


ཀྲུང་གོའི་ཧུའུ་ནན་ཧྲའོ་ལིན་དྲག་རྩལ་གྱི་འཁྲབ་སྟོན་ཚོགས་པས་འཁྲབ་སྟོན་བྱེད་བཞིན་པ། 

             ཟླ་2པའི་ཚེས་21ཉིན་ཀྲུང་གོ་ཧུའུ་ནན་ཏེན་ཧྥུང་གྲོང་ཁྱེར་གྱི་ཧྲའོ་ལིན་ཨུ་ཕའོ་དྲག་རྩལ་ཆེད་སྦྱོང་ཁང་གི་འཐུས་ཚབ་ཚོགས་པས་ཡའེ་ཏན་ཆུ་བོའི་ནུབ་ངོགས་ཀྱི་གྲོང་ཁྱེར་རམ་ཨེན་ལ་རུ་འཚམས་འདྲིར་ཕྱིན་ཏེ་ཕ་ལི་སི་ཐན་ཨོ་རྩལ་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་རཱ་ཇའེ་པུ་དང་ཐུགས་ཕྲད་གནང་། ཉིན་དེའི་ཕྱི་དྲོར། འཐུས་ཚབ་ཚོགས་པས་ས་གནས་དེ་གའི་དྲག་རྩལ་སློབ་གྲྭའི་སློབ་མ་རྣམས་དང་ཕན་ཚུན་གྲོས་མོལ་སྤེལ་རེས་བྱས་པ་དང་ཟློས་གར་ཁང་དུ་དྲག་རྩལ་འཁྲབ་སྟོན་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1