《ལན་ཕའེ་ཏུའུ་སཱའི་ཟིན་ཐོ། 》ལ་སྐབས་66པའི་པེར་ལིན་གློག་བརྙན་དུས་ཆེན་གྱི་གསེར་དོམ་རྟགས་མའི་བྱ་དགའ་ཐོབ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 02-23


ཟླ་2པའི་ཚེས་20ཉིན་འཇར་མན་གྱི་རྒྱལ་ས་པེར་ལིན་དུ་དབྱི་ཐ་ལི་ཡི་འཁྲབ་ཁྲིད་པ་ཇེན་ཧྥུར་ལན་ཁུ་རོ་ཞི་ཡིས་བྱ་དགའ་སྤྲོད་པའི་མཛད་སྒོ་རུ་གསེར་དོམ་རྟགས་མའི་བྱ་དགའ་ལག་ཏུ་བཟུང་འདུག 

            སྐབས་66པའི་པེར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་གསེར་དོམ་རྟགས་མའི་བྱ་དགའ་སུ་ལ་གནང་ཡོད་པའི་མཇུག་འབྲས་ཚེས་20ཉིན་གྱི་དགོང་མོར་པེར་ལིན་གློག་བརྙན་ཕོ་བྲང་ནས་སྤྱི་བསྒྲགས་བྱས་ཤིང་ཡུལ་འཁྱར་པ་བརྗོད་གཞི་བྱས་པའི་དངོས་བྲིས་གློག་བརྙན་《ལན་ཕའེ་ཏུའུ་སཱའི་ཟིན་ཐོ།》ལ་ཆེས་ཕུལ་བྱུང་གློག་བརྙན་གྱི་གསེར་དོམ་རྟགས་མའི་བྱ་དགའ་ཐོབ། 《ལན་ཕའེ་ཏུའུ་སཱའི་ཟིན་ཐོ།》ནི་དབྱི་ཐ་ལི་ཡི་འཁྲབ་ཁྲིད་པ་ཇེན་ཧྥུར་ལན་ཁུ་རོ་ཞི་ཡིས་འཁྲབ་ཁྲིད་བྱས་ཤིང་ས་དབུས་རྒྱ་མཚོའི་དབུས་རྒྱུད་ཀྱི་དབྱི་ཐ་ལི་གླིང་ཕྲན་ཏེ་ལན་ཕའེ་ཏུའུ་སཱ་གླིང་ཕྲན་སྟེང་གི་རྒྱུན་ལྡན་འཚོ་བ་དངོས་སུ་མཚོན་ཡོད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1