༄༅།། རྩ་ཁྲིམས་ལ་ཆེས་མཐོ་བའི་བཅའ་ཁྲིམས་ཀྱི་ནུས་པ་ཡོད་ཟེར་དོན་ཅི།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-24



  《རྩ་ཁྲིམས།》ཀྱི་དོན་ཚན་5པའི་ནང་གཏན་འབེབས་བྱས་པ་ལྟར་ན།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་ཞིང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་དགོས། 
  རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་གཅིག་གྱུར་དང་དེའི་གཟི་རྔམ་སྲུང་སྐྱོང་བྱ་རྒྱུ་དང་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ།  ས་གནས་ཀྱི་རང་བཞིན་ལྡན་པའི་ཁྲིམས་སྲོལ་མཐའ་དག་རྩ་ཁྲིམས་དང་འགལ་མི་ཆོག་པ་དང་། རྒྱལ་ཁབ་ཀྱི་ལས་ཁུངས་དང་དྲག་པོའི་སྟོབས་ཤུལ་མཐའ་དག །  སྲིད་ཏང་ཁག་དང་སྤྱི་ཚོགས་ཀྱི་ཚོགས་པ་ཁག  ཁེ་ལས་དང་བྱ་ལས་ཀྱི་རྩ་འཛུགས་ཁག་བཅས་ཚང་མས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་བྱ་དགོས།  
  རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བའི་བྱ་སྤྱོད་ཚང་མར་ངེས་པར་རྩད་གཅོད་ནན་མོ་བྱ་དགོས་པ་དང་རྩ་འཛུགས་གང་དང་སྐྱེ་བོ་སུ་ཞིག་ཡིན་རུང་ཚང་མར་རྩ་ཁྲིམས་དང་བཅའ་ཁྲིམས་ལས་འདས་པའི་དམིགས་བསལ་གྱི་དབང་ཆ་ཡོད་མི་ཆོག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1