༄༅།། མི་རིགས་ས་ཁོངས་དང་རང་སྐྱོང་ལག་ལེན་བསྟར་བ་ནི་རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་དགོས་ཟེར་པའི་རྒྱུ་མཚན་ཅི།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-24


  《རྩ་ཁྲིམས།》ཀྱི་དོན་ཚན་4པའི་ནང་གསེས་དོན་ཚན་3པའི་ནང་གཏན་འབེབས་བྱས་པ་ལྟར་ན།  གྲངས་ཉུང་མི་རིགས་འདུས་སྡོད་བྱེད་པའི་ས་གནས་སོ་སོར་ས་ཁོངས་རང་སྐྱོང་ལག་ལེན་བསྟར་ཏེ་རང་སྐྱོང་ལས་ཁུངས་འཛུགས་རྒྱུ་དང་རང་སྐྱོང་དབང་ཆ་སྤྱོད་རྒྱུ།  མི་རིགས་རང་སྐྱོང་ས་གནས་ཁག་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲུབ་ཆ་འབྲལ་དུ་མི་རུང་བ་ཞིག་ཡིན།
  《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས།》ཀྱི་གླེང་གཞིའི་ནང་གཏན་འབེབས་བྱས་པ་ལྟར་ན།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཐུན་མོང་ནས་གསར་དུ་གཏོད་ཅིང་མི་རིགས་མང་པའི་གཅིག་གྱུར་གྱི་རྒྱལ་ཁབ་ཡིན།  
  མི་རིགས་ཀྱིས་ས་ཁོངས་རང་སྐྱོང་བྱ་རྒྱུ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་མར་ཁེ་སི་ལེ་ཉིན་རིང་ལུགས་ལ་བརྟེན་ནས་རང་རྒྱལ་གྱི་མི་རིགས་སྐོར་གྱི་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་སྲིད་ཇུས་ཤིག་ཡིན་ལ་རྒྱལ་ཁབ་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཀྱང་ཡིན།  མི་རིགས་ས་ཁོངས་རང་སྐྱོང་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་འགོ་ཁྲིད་འོག་གྲངས་ཉུང་མི་རིགས་འདུས་སྡོད་བྱེད་པའི་ས་གནས་སོ་སོར་ས་ཁོངས་རང་སྐྱོང་ལག་ལེན་བསྟར་ཏེ་རང་སྐྱོང་ལས་ཁུངས་འཛུགས་རྒྱུ་དང་རང་སྐྱོང་དབང་ཆ་སྤྱོད་རྒྱུ།  མི་རིགས་ས་ཁོངས་རང་སྐྱོང་ལག་ལེན་བསྟར་བ་དེས།  རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གི་མི་རིགས་ནང་ཁུལ་གྱི་ལས་དོན་དག་ལ་དོ་དམ་བྱེད་པའི་ཁེ་དབང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་དགོངས་དོན་མཚོན་ཐུབ་ལ།  རྒྱལ་ཁབ་ཀྱིས་མི་རིགས་ཁག་འདྲ་མཉམ་དང་།  མཐུན་སྒྲིལ།  ཐུན་མོང་ཐོག་དར་རྒྱས་ཡོང་བའི་རྩ་དོན་རྒྱུན་མཐུད་ངང་ལག་བསྟར་བྱེད་བཞིན་པའང་མཚོན་ཐུབ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1