བོད་ལྗོངས་ཀྱིས་ད་ལོ་ནས་བཟུང་ཞིང་ཆེན་བརྒལ་ཏེ་ས་ཆ་གཞན་པར་སྨན་བཅོས་རྩིས་བསྡོམས་བྱེད་པར་སྐུལ་འདེད་གཏང་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


        ཟླ་2པའི་ཚེས་23ཉིན་གྱི་ཕྱི་དྲོར་བོད་ལྗོངས་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཀའི་ཚོགས་འདུ་ལྷ་ས་རུ་འཚོགས། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་དང་2015ལོའི་བོད་ལྗོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཀར་ཕྱོགས་བསྡོམས་བྱས་ཤིང་2016ལོའི་ལས་ཀ་བཀོད་སྒྲིག་བྱས། རང་སྐྱོང་ལྗོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཐིང་ཀྲང་ཞའེ་ཧའེ་ཡོན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ད་ལོ་བོད་ལྗོངས་ཀྱིས་དམངས་ཡོངས་འགན་ཞུགས་ཀྱི་ཇུས་འགོད་ལག་བསྟར་བྱས་སྟེ་སྤྱོད་རྒྱ་ཡོངས་སུ་ཁེབས་པ་དང་འགུལ་རྣམ་དོ་དམ་སྒྲིག་གཞི་འཛུགས་རྒྱུ་ཡིན་པར་མ་ཟད། སྨན་བཅོས་འགན་སྲུང་མངའ་ཁོངས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏང་རྒྱུ་རེད།  གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་ཀྱི་ནད་གཞི་ལྕི་བའི་འགན་སྲུང་སྲིད་ཇུས་འཐུས་ཚང་དུ་གཏང་བའི་རྨང་གཞིའི་སྟེང་ཞིང་ཆེན་བརྒལ་ཏེ་ས་ཆ་གཞན་པར་སྨན་བཅོས་རྩིས་བསྡོམས་བྱེད་པར་སྐུལ་འདེད་གཏང་སྟེ་ཁོ་ཚོར་སྤུས་ལེགས་དང་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱ་ངེས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1