སིང་གྷ་ལས་བ་སོ་སྤྱི་རྒྱ་1529མེར་བསྲེགས་ཤིང་ཚོད་རྩིས་བྱས་ན་རིན་གོང་ཨ་སྒོར་ཁྲི་250ལས་བརྒལ་འདུག

ཤེས་བྱས་བསྒྱུར། རྩོམ་སྒྲིག་པ།ཤེས་བྱ།ཡོང་ཁུངས།ཀྲུང་གོ་གསར་འགྱུར་དྲ་བ། སྤེལ་དུས། 02-25


  ཉེ་ཆར། སིང་གྷ་ལའི་ཁོ་ལུམ་པོ་རུ་དབང་འཛིན་ལས་ཁུངས་ཀྱིས་ལོ་གསུམ་གྱི་སྔོན་ལ་གཞུང་བཞེས་བྱས་པའི་གླིང་ཆེན་མཆེ་བ་359རྩར་མེད་བཏང་། མོ་ཟམ་བྷིག་བྱང་རྒྱུད་དང་ཐན་ཟ་ཉི་ཡ་ས་ཁུལ་ནས་ཁྱེར་ཡོང་བའི་བ་སོ་འདི་དག་ལ་ཁྱོན་བསྡོམས་སྤྱི་རྒྱ་1529ཙམ་ཡོད་ཅིང་ཚོད་རྩིས་ལྟར་ན་རིན་གོང་ཨ་སྒོར་ཁྲི་250ལས་བརྒལ་ཡོད། བ་སོ་དེ་དག་སྔོན་ལ་འཕྲུལ་འཁོར་གྱིས་གཙབ་རལ་བཏང་རྗེས། ཚ་དྲོད་མཐོ་བའི་ཁྲོ་ཐབ་ནང་དུ་བླུགས་ཏེ་མེར་བསྲེགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1