ལི་ཁེ་ཆང་གིས་ཨ་མེ་རི་ཁའི་སྲིད་འཛིན་གྱི་དམིགས་བསལ་སྐུ་ཚབ་དང་ནོར་སྲིད་པུའུ་ཡི་པུའུ་ཀྲང་ཡཱ་ཀུ་པུའུ་ལའོ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-02


སྤྱི་ཟླ་2པའི་ཚེས་29ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧའེ་ནས་ཨ་མེ་རི་ཁའི་ཙུང་ཐུང་གི་དམིགས་བསལ་སྐུ་ཚབ་དང་ནོར་སྲིད་པུའུ་ཡི་པུའུ་ཀྲང་ཡཱ་ཀུ་པུའུ་འུ་དང་མཇལ་འཕྲད་གནང་། 

ལི་ཁེ་ཆང་གིས་ཨ་རི་དང་ཀྲུང་གོའི་འབྲེལ་བ་ལེགས་པོ་དེ་རྒྱལ་ཁབ་གཉིས་ལ་མཚོན་ན་གལ་ཆེ་བའི་དོན་དག་ཅིག་ཡིན་ལ། ཀྲུང་གོས་ཨ་མེ་རི་ཁའི་འབྲེལ་བ་དང་དཔལ་འབྱོར་བརྗེ་རེས་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་མཐོང་ཆེན་བྱེད་བཞིན་ཡོད།   ན་ནིང་ཀྲུང་གོ་ཨ་མེ་རི་ཁའི་ཚོང་ལས་བརྗེ་རེས་ཕྱོགས་ཀྱི ཆེས་ཆེ་པའི་ཚོང་གྲོགས་སུ་གྱུར།   ཀྲུང་གོ་ཕྱོགས་ནས་ཨ་རི་དང་ལྷན་དུ་འབད་པ་ཆེན་པོས་བརྗེ་རེས་དང་གྲོས་བསྡུར་གཏིང་ཟབ་ཏུ་གཏང་སྟེ་ཕན་ཚུན་དོ་ཁུར་གནང་ནས་གཉིས་ཕན་གཉིས་རྒྱལ་དང་ཆུ་ཚད་མཐོ་བའི་ཕྱོགས་གཉིས་ཀྱི་དངུལ་འཇོག་ཆོད་ཡིག་གི་གྲོས་འཆམ་ལ་སྐུལ་འདེད་གཏང་འདོད་ཅེས་བསྟན། 

ལི་ཁེ་ཆང་གིས་མིག་སྔའི་ཀྲུང་གོའི་དཔལ་འབྱོར་གྱི་རྣམ་པ་ངོ་སྤྲོད་བྱས། ཀྲུང་གོ་ནི་དཔལ་འབྱོར་རྣམ་པ་བརྗེ་རེས་དང་འགུལ་ནུས་གསར་རྙིང་བསྒྱུར་བཀོད་བྱེད་པའི་བརྒྱུད་རིམ་ཁྲོད་དུ་སླེབས་ཡོད་པས། ནོར་སྲིད་སྲིད་ཇུས་ཧུར་ཐག་ངང་ལག་བསྟར་བྱེད་པར་ད་དུང་བར་སྟོང་ཆེན་པོ་ཡོད་པར་མ་ཟད་འཕེལ་སྟོབས་ཆེན་པོ་ལྡན། ང་ཚོས་ཤུགས་ཆེན་པོས་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པ་དང་། ལྷག་པར་མཁོ་འདོན་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བསྒྱུར་བཀོད་ཀྱིས་ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་གསར་གཏོད་སྟོབས་ཤུགས་ལ་སྐུལ་འདེད་གཏང་སྟེ་ནུས་ཤུགས་གསར་པ་རྒྱུན་ཆད་མེད་པར་དར་རྒྱས་ཐུབ་པ་དང་སྲོལ་རྒྱུན་གྱི་ནུས་ཤུགས་བསྒྱུར་བཀོད་དང་རིམ་འཕར་བྱེད་པར་ནུས་པ་འདོན་ངེས།  སྲིད་བསྡུ་དབང་བཏང་དང་གསར་འཛུགས་གཉིས་སོགས་ཀྱི་བཅོས་བསྒྱུར་ལ་བརྒྱུད་དེ་ཚོང་ར་ནང་བཞུག་ཆོག་པའི་ཚད་གཞི་སྔར་ལས་ལྷོད་དུ་བཏང་ནས་འདྲ་མཉམ་འགྲན་རྩོད་ཀྱི་ཚོང་རའི་ཁོར་ཡུག་ཞིག་བསྐྲུན་དགོས་ཞེས་བསྟན། 

ཡཱ་ཀུ་པུའུ་ལུས་ཀྲུང་གོ་སྲིད་གཞུང་གིས་དམངས་སྒོར་གྱི་འཛའ་ཐང་དང་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་སོགས་ཀྱི་སྲིད་ཇུས་འབྲེལ་བའི་བརྡ་འཕྲིན་གྱིས་རྒྱལ་སྤྱི་སྤྱི་ཚོགས་ཀྱིས་ཡིད་ཆེས་ཇེ་མཐོར་གྱུར་པར་ཕན་པ་ལྡན།  ཨ་རིས་ཀྲུང་གོའི་འབྲེལ་བ་ཇེ་ཟབ་དང་རྒྱལ་ཁ་གཉིས་ཀྱི་འཐབ་ཇུས་དཔལ་འབྱོར་གྱི་བགྲོ་གླེང་ལེགས་པོར་སྤེལ་ནས་ཕྱོགས་གཉིས་ཀྱི་མ་དངུལ་གཏོང་པའི་ཆོད་དོན་གྲོས་མོལ་སོགས་ཀྱི་འཕེལ་རིམ་མགྱོགས་མྱུར་དོན་ངང་དངོས་རང་བཞིན་གྱི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས་ཞེས་བསྟན།། 







དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1