འཛམ་གླིང་གི་གླང་ཆེན་ལྟ་སྐྱོང་ཁང་ཐོག་མར་འཚམས་འདྲིར་བསྐྱོད་པ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 03-08


        ཟླ་3པའི་ཚེས་7ཉིན། སིང་གྷ་ལའི་རྒྱལ་ས་ཁོ་ལུམ་པོའི་བྱང་ཕྱོགས་ཀྱི་སྤྱི་ལེ་90ཡི་གནས་ཀྱི་གླང་ཆེན་ལྟ་སྐྱོང་ཁང་དུ་ཡུལ་སྐོར་པས་གླང་ཆེན་གྱིས་ཆུ་རྐྱལ་བྱེད་པར་ལྟ་བཞིན་འདུག གླང་ཆེན་ལྟ་སྐྱོང་དེ་ནི་སིང་གྷ་ལ་རི་སྐྱེས་སྲོག་ཆགས་ཅུས་ཀྱིས་1975ལོར་འཛུགས་སྐྲུན་བྱས་ཤིང་ས་ངོས་རྒྱ་ཁྱོན་ལ་སྤྱི་ཆིང་10ཡོད་པ་དང་། འཛམ་གླིང་གི་གླང་ཆེན་ལྟ་སྐྱོང་ཁང་ཐོག་མ་ཡིན། དེ་རུ་གཙོ་བོ་བརྟེན་ས་མེད་པ་དང་གཡང་སའམ་འདམ་དོང་དུ་ལྷུང་པ། གླང་ཆེན་གྱི་ཁྱུ་དང་ཁ་བྲལ་པའི་གླང་ཆེན་ཉར་གསོ་བྱེད་པ་དང་། ལྷག་པར་དུ་རྨས་སྐྱོན་ཚབས་ཆེན་ཕོག་པའམ་ཡང་ན་ནད་ཀྱིས་མནར་པའི་གླང་ཕྲུག་ཉར་གསོ་བྱས་ཡོད། མིག་སྔར་དེ་རུ་འཚོ་སྡོད་བྱེད་བཞིན་པའི་གླང་ཆེན་བསྡོམས་པས་93ཡོད། སྲིད་གཞུང་གི་ནོར་སྲིད་ཁུར་པོ་ཇེ་ཡང་དུ་གཏང་ཆེད་གླང་ཆེན་ལྟ་སྐྱོང་ཁང་གི་དུས་ཚོད་གཏན་འཁེལ་སྒོས་ཡུལ་སྐོར་བར་སྒོ་ཕྱེ་སྟེ་སྦྱོང་བརྡར་བྱས་མྱངས་པའི་གླང་ཆེན་ལེ་ཚན་འཁྲབ་སྟོན་བྱས་པ་བརྒྱུད་ཡུལ་སྐོར་པར་ཞལ་འདེབས་སློང་རྒྱུ་རེད། ད་ལྟ་ལྟ་སྐྱོང་ཁང་དེ་སིང་གྷ་ལའི་ལྗོངས་ཁུལ་གྲགས་ཅན་ཞིག་ཏུ་གྱུར་འདུག 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1