བརྒྱད་ཟིལ་རྫོང་གིས་གཞི་རིམ་ལ་འཚམས་འདྲི་བྱེད་པའི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 03-08


  ཉེ་ཆར། བརྒྱད་ཟིལ་རྫོང་དམངས་སྲིད་ཅུས་ཀྱི་འགོ་འཛིན་པས་ལས་སྒྲུབ་ཚོ་ཆུང་སྣེ་ཁྲིད་དེ་རྫོང་དེའི་ཤར་ར་ཡུལ་ཤོག་དང་མཐའ་ཁ་ཡུལ་ཤོག ཡོན་ཏན་གྲོང་རྡལ་བཅས་སུ་ཕྱིན་ནས་འཚམས་འདྲི་ཞུས་པ་དང་གངས་འཁྱག་གནོད་སྐྱོན་ལ་ཁ་གཏད་འཇལ་ཐབས་ཀྱི་འབྲེལ་ཡོད་ལས་ཀ་སྤེལ།
  ལས་སྒྲུབ་ཚོ་ཆུང་གིས་མཐའ་འཁོབ་འབྲོག་ཁུལ་གྱི་མི་སེར་དང་ལྔ་སྐྱོང་ཁྱིམ་ཚང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་འཚམས་འདྲི་ཞུས་ནས་གནས་སྐབས་ཀྱི་རོགས་སྐྱོབ་བྱས། ཐེངས་འདིའི་ཁ་བའི་གནོད་སྐྱོན་ལ་ཁ་གཏད་འཇལ་ཐབས་ཐད་དཀར་མཛེས་ཁུལ་དང་རྫོང་གི་འགོ་ཁྲིད་ཀྱི་མཛུབ་སྟོན་དགོངས་དོན་དང་། དཀར་མཛེས་དང་རྫོང་གི་ལས་ཀའི་བཀོད་སྒྲིག་བཅས་དྲིལ་བསྒྲགས་དང་གནོད་སྐྱོན་སྔོན་འགོག རྒུད་སྐྱོབ་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་ཆབས་ཅིག ཡུལ་ཤོག་དང་གྲོང་རྡལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གངས་འཁྱག་གནོད་སྐྱོན་ལ་ཧུར་ཐག་གིས་ཁ་གཏོད་ཆེད། དུས་དང་རྣམ་པ་ཀུན་ཏུ་གནམ་གཤིས་འགྱུར་ལྡོག་དང་གནས་ཚུལ་ལ་དོ་སྣང་བྱས་ནས་ཆ་འཕྲིན་འབྱོར་ཐུབ་པ་བྱས་ཏེ་གནོད་སྐྱོན་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་། ཞིབ་བསྡུར་བྱ་དགོས་པར་མ་ཟད་གཏན་འབེབ་བྱས་པའི་དུས་ཚོད་ནང་གནོད་སྐྱོན་གནས་ཚུལ་ཡར་ཞུ་བྱ་དགོས་པའི་རེ་བ་བཏོན།
  ཐེངས་འདིའི་བྱེད་སྒོ་ཁྲོད་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་ཐེངས3ལ་བྱས་ཤིང་ལས་བྱེད་པ་དང་མང་ཚོགས300ལྷག་ཙམ་གྱིས་དྲིལ་བསྒྲགས་སློབ་གསོ་དང་ལེན་བྱས། མང་ཚོགས300ལྷག་ཙམ་ལ་འཚམས་འདྲི་ཞུས་ཏེ་སྲིང་བལ་ཉལ་ཆས100དང་འབྲས་རྒྱ་མ500 འཚམས་འདྲིའི་དངུལ་སྒོར6000སྤྲད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1