འཕྲོད་བསྟེན་ལས་དོན་འཕེལ་རྒྱས་བཏང་སྟེ་དམངས་ཡོངས་འབྱོར་འབྲིང་དུ་བསྐྱོད་པར་ཤུགས་སྣོན་བྱ་དགོས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 03-09


      2015ལོའི་ལོ་མཇུག་ཏུ། ཕྱག་ཕྲེང་རྫོང་གི་ཡུལ་ཤོག་དང་གྲོང་རྡལ་12ཀྱི་ཚད་ལྡན་ཅན་གྱི་འཕྲོད་བསྟེན་ཁང་ཡོངས་རྫོགས་ལེགས་འགྲུབ་བྱུང་སྟེ་བེད་སྤྱོད་གཏོང་འགོ་ཚུགས། ད་ལྟའི་བར་དུ། རྫོང་དེས་བཏོན་པའི་བདེ་ཐང་ཕྱག་ཕྲེང་2020ཞེས་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་ལོ་8ཀྱི་འཛུགས་སྐྲུན་ལས་འགན་ལོ་3ནང་འགྲུབ་པའི་དམིགས་ཡུལ་ཚང་མ་ལེགས་གྲུབ་བྱེད་པ་ལག་བསྟར་བྱས་ནས། ཕྱག་ཕྲེང་གི་རྒྱ་ཆེའི་མང་ཚོགས་ལ་ནད་བལྟ་བ་དང་སྨན་བཅོས་བྱེད་པའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་དང་ཆུ་ཚད་ཇེ་མཐོར་འགྲོ་བ་དང་བསྟུན། མང་ཚོགས་རྣམས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་ལམ་བུའི་སྟེང་གི་བདེ་ཐང་ལ་ནུས་ལྡན་གྱི་འགན་སྲུང་བྱེད་ཐུབ་པ་བྱུང་ཡོད་པར་མ་ཟད། མི་རིགས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཀ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་བཏང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1