དཀར་མཛེས་ཁུལ་ནས་ཡོང་བའི་ཡེ་ཤེས་ཟླ་བ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 03-09


        སྤྱི་ཟླ་3པའི་ཚེས་8ཉིན། སི་ཁྲོན་འཐུས་མི་ཚོགས་པའི་སྒོ་འབྱེད་ཉིན་མོའི་སྟེང་། རྒྱལ་ཡོངས་མི་དམངས་ཚོགས་ཆེན་གྱི་འཐུས་མི་དང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་ཁུལ་དཔོན་ཡེ་ཤེས་ཟླ་བས་གཏམ་བཤད་གནང་སྐབས་ཀྱི་འཚམས་འདྲི་ཡིས་ཚོགས་ཞུགས་པ་དག་གི་ཡིད་སེམས་བཀུག
        འདི་ནི་ཡེ་ཤེས་ཟླ་བ་ལོ་4བར་པེ་ཅིང་དུ་ཕེབས་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཞུགས་པ་ཡིན། འཚམས་འདྲི་ཞུས་པ་ལས་གཞན། ཡེ་ཤེས་ཟླ་བས་ད་རུང་དཀར་མཛེས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱུང་བའི་གཏམ་བཟང་ཁྱེར་ཡོང་བ་རེད། ལོ་བཞིའི་རིང་ལ། དཀར་མཛེས་ཁུལ་གྱིས་ཡུལ་སྐོར་སྣེ་ལེན་མི་གྲངས་ལོ་རེར་ཆ་སྙོམས་ཀྱིས་27.2%ཇེ་མང་དུ་འཕར་ཞིང་། 2015ལོར་མི་ཐེངས་ཁྲི་1076ལ་ཟིན་ཡོད། ཡུལ་སྐོར་ཡོང་འབབ་ཀྱི་ལོ་རེའི་ཆ་སྙོམས་འཕར་ཚད་43.8%ཇེ་མང་དུ་སོང་བ་དང་2015ལོར་སྒོར་དུང་ཕྱུར་107ཟིན།
        ཡེ་ཤེས་ཟླ་བས་ང་ཚོས་འབད་བརྩོན་ཆེན་པོའི་ངང་དཀར་མཛེས་ས་ཁུལ་ལྗང་མདོག་མཛད་སྤྱོད་ཀྱི་ཚོང་ར་ཆེན་པོ་ཞིག་ཏུ་འཛུགས་སྐྲུན་བྱེད་བཞིན་ཡོད་ལ། ལྗང་མདོག་འཛད་སྤྱོད་གསར་སྐྲུན་དང་ལྗང་མདོག་ལས་རིགས་འཛུགས་སྐྲུན་བྱས་ནས་ལྗང་མདོག་གི་འཕེལ་རྒྱས་མངོན་འགྱུར་བྱེད་བཞིན་ཡོད་ཅེས་བསྟན།
     ཁོང་གིས་མིག་སྔར་དཀར་མཛེས་ཁུལ་གྱི་སྲིད་འཛིན་གྲོང་ཚོ་2734ནང་དུ། 80%ལ་2G ཁ་པར་བརྡ་རྟགས་ལས་ཁྱབ་མེད་པས་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱིས་ཁ་པར་ཉོ་ཐུབ་ཀྱང་ཁ་པར་གཏོང་མི་ཐུབ་པ་དང་། གློག་ཀླད་ཉོ་ཐུབ་ཀྱང་དྲ་འཇུག་བྱེད་མི་ཐུབ།  ཡུལ་སྐོར་བས་པར་ལེན་ཐུབ་ཀྱང་འཕྲིན་ཕྲན་སྟེང་པར་འཇོག་མི་ཐུབ་ཅེས་ངོ་སྤྲོད་བྱས། 
        རྩ་བའི་རྒྱུ་རྐྱེན་ནི་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་མ་དངུལ་བཏང་བ་མི་འདང་བ་དེ་ཡིན། དཀར་མཛེས་ནི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ། དངུལ་འཇོག་གི་དཀའ་ངལ་ཆེ་བ་དང་སྲུང་སྐྱོང་གི་དཀའ་ཚད་ཆེ་བས། ཁེ་ལས་ཀྱིས་མ་དངུལ་འཇོག་ཤུགས་ཆུང་བའི་གནས་ཚུལ་བྱུང་བ་རེད། ཡེ་ཤེས་ཟླ་བས་བོད་རིགས་ས་ཁུལ་གྱི་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་རྒྱུར་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་དགོས་ཞེས་གྲོས་བཏོན་གནང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1