སི་ཁྲོན་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-09


  སྤྱི་ཟླ་3པའི་ཚེས་8ཉིན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་སི་ཁྲོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་ཏེ་མུ་མཐུད་དུ་སྲིད་གཞུང་ལས་ཀའི་སྙན་ཞུར་གྲོས་ཞིབ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཀྱི་རྩ་འཛིན་འཆར་ཟིན་ལ་འདྲི་དཔྱོད་བྱས། གཅིག་བསྡུ་སྒོས་འཆར་གཞིའི་སྙན་ཞུ་དང་སྔོན་རྩིས་སྙན་ཞུར་ཞིབ་བཤེར་གནང་།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན།  འཐུས་མི་ཚོགས་པའི་ཚོགས་གཙོ་ཝང་ཏུང་མིང་གིས་ཚོགས་འདུར་གཙོ་སྐྱོང་གནང་།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན། འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་དབྱི་ལི་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་གོ་ཀྲུང་གྲོས་ཞིབ་ཏུ་ཞུགས། 

  གྲོས་ཞིབ་ཚོགས་འདུ་མཇུག་རྫོགས་རྗེས་འཕྲིན་སྦྱོར་ཁག་གི་གསར་འགོད་པས་དྲི་བ་བཏོན་ཞིང་ཝང་ཏུང་མིང་གིས་མི་དམངས་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པས་བཏོན་པའི་སི་ཁྲོན་གྱིས་ཕྱོགས་ཡོངས་ནས་གསར་གཏོད་སྐུལ་སྤེལ་བཏང་པ་དང་དཔལ་འབྱོར་ཉིན་རེ་ཚགས་པར་ཁང་གིས་གསར་འགོད་པས་བཏོན་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀས་ས་གནས་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་མིན་སྐོར་གྱི་དྲི་བ་གཉིས་ལ་ལན་བཏབ་པ་དང་། དབྱི་ལི་ཡིས་འཇར་མན་ཧྥ་ལན་ཁུ་ཧྥུའུ་ཚགས་པར་ཁང་གི་གསར་འགོད་པས་བཏོན་པའི་སི་ཁྲོན་དབུལ་སྒྲོལ་ལས་དོན་དང་དབུལ་སྐྱོར་མ་དངུལ་དོ་དམ་བེད་སྤྱོད་སྐོར་གྱི་དྲི་བར་ལན་བཏབ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1