སི་ཁྲོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-14


           སྤྱི་ཟླ་3པའི་ཚེས་13ཉིན་གྱི་ཕྱི་དྲོར། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་སི་ཁྲོན་འཐུས་ཚབ་ཚོགས་པས་བཅའ་སྡོད་ས་གནས་སུ་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་ཏེ། དགེ་ཕན་བཅའ་ཁྲིམས་ཀྱི་མ་ཟིན་བཅོས་ཡིག་ལ་གྲོས་ཞིབ་གནང་ཤིང་ཆེས་མཐོ་བའི་མི་དམངས་ཁྲིམས་ཁང་གི་ལས་ཀའི་སྙན་ཞུ་དང་ཆེས་མཐོ་བའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་ཞུ་ཕུལ། 

           ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན། འཐུས་ཚབ་ཚོགས་པའི་འགན་འཛིན་པ་ཝང་ཏུང་མིང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་གོ་ཀྲུང་གྲོས་ཞིབ་ཏུ་ཞུགས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ། འཐུས་ཚབ་ཚོགས་པའི་འགན་འཛིན་གཞོན་པ་ཧོང་ཡེན་རོང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་། ཚོགས་ཆེན་གྱི་བཀོད་སྒྲིག་ལྟར། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གཞོན་པ་ལི་ཧྲའོ་ཕིང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགན་འཛིན་གཞོན་པ་ཀྲང་ཁྲང་རེན། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཝང་ཧའེ་ཕིན་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགན་འཛིན་པ་ཏེན་ཁྲོན་བཅས་གྲོས་ཚོགས་སུ་ཞུགས་ཏེ་སྙན་ཞུར་མཉན། 

           གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་དགེ་ཕན་བཅའ་ཁྲིམས་མ་ཟིན་གྲོས་ཞིབ་ཐད་ཀྱི་མཇུག་འབྲས་སྙན་ཞུ་ཕུལ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1