རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་མཇུག་སྒྲིལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-15


  སྤྱི་ཟླ་3པའི་ཚེས་14ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཇུག་སྒྲིལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲེང་གིས་མཇུག་སྒྲིལ་བའི་ཚོགས་འདུར་གཙོ་སྐྱོང་གནང་།

  ཡུས་ཀྲེན་ཧྲེང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཨུ་ཡོན་2214ཞུགས་དགོས་པ་དང་ཨུ་ཡོན་2101དངོས་སུ་ཞུགས་པས། བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན་པ་ཁྱབ་བསྒྲགས་བྱས།

  ཚོགས་འདུའི་སྟེང་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་ལས་ཀའི་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་འདོན་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་གྲོས་འདོན་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།

  ཡུས་ཀྲེན་ཧྲེང་གིས་གྲོས་ཚོགས་ཀྱི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་རྣམས་ཚོགས་ཆེན་འགོ་རྩོམ་པའི་ཚོགས་འདུ་དང་མཇུག་སྒྲིལ་པའི་ཚོགས་འདུར་ཞུགས་པ་དང་། ཚན་ཆུང་ཁག་ལ་ཞུགས་ཏེ་བསམ་འཆར་དང་གྲོས་གཞི་ལ་མཉན་པར་མ་ཟད་ཨུ་ཡོན་རྣམས་དང་མཉམ་དུ་རྒྱལ་དོན་ལ་གྲོས་མོལ་མཛད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཀྲུང་གུང་ཀྲུང་དབྱང་གི་རྒྱལ་བཅོས་སྲིད་སྐྱོང་གི་འདུ་ཤེས་གསར་པ་དང་བསམ་གཞིག་གསར་པ། འཐབ་ཇུས་གསར་པ་བཅས་ནན་ཏན་སྒོས་ལག་བསྟར་བྱས་པ་དང་། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ཏེ། སྲིད་གཞུང་ལས་ཀའི་སྙན་ཞུ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་འཆར་ཟིན། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་ཞུ་སོགས་ཡིག་ཆ་གལ་ཆེན་ལ་གྲོས་བསྡུར་བྱས་པ་དང་། དོན་དག་སྣ་ཚོགས་ལ་ཇུས་འགོད་བྱས་ནས་གྲུབ་འབྲས་ཆེན་པོ་བླངས། ཚོགས་འདུས་དམངས་གཙོ་དང་མཐུན་སྒྲིལ། བདེན་འཚོལ། བརྩོན་ལེན་བཅས་རྒྱུན་འཁྱོངས་བྱས་པ་དང་། མི་དམངས་སྲིད་གྲོས་དེ་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་སྡེ་ཁག་ཅིག་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཡིན་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་སྐུལ་སློང་གལ་ཆེན་ཞིག་རེད་ཅེས་གསུངས། 

  ཡུས་ཀྲེན་ཧྲེང་གིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་ཇུས་འདོན་ཤུགས་འདོན་བྱེད་པར་དམིགས་པ་ནི་མི་དམངས་སྲིད་གྲོས་ཀྱི་འདོར་ཐབས་མེད་པའི་ལས་འགན་གལ་ཆེན་ཞིག་ཡིན་པས། རང་རྟོགས་སྒོས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་ཞབས་འདེགས་བསྒྲུབ་པ་དང་ལེན་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་ཐུན་མོང་གི་བསམ་བློའི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏང་བའི་སྲོག་ཤིང་ཡིན་པ་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏང་དགོས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པར་ནམ་ཡང་འགྱུར་བ་མེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ལ་འགན་སྲུང་བྱ་དགོས། དུས་དང་རྣམ་པ་ཀུན་ཏུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་ལ་དམིགས་ཏེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ཇུས་འདོན་ཤུགས་འདོན་བྱེད་པ་དེ་འགན་ནུས་ལག་བསྟར་བྱེད་པའི་ཐབས་ལམ་གཙོ་བོ་བྱེད་པ་དང་། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱེད་དགོས་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་དང་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་དཀའ་གནད། གསར་གཏོད་གསར་སྐྲུན་གྱི་གནད་དོན་གལ་ཆེན་བཅས་དང་དམ་པོར་སྦྲེལ་ཏེ། རྟོག་ཞིབ་ཟབ་མོ་བྱེད་པ་དང་གཅིག་སྡུད་སྲིད་གླེང་། ནུས་ལྡན་ལྟ་སྐུལ་བཅས་བྱས་ནས་ཧུར་ཐག་སྒོས་སྔར་ལས་མང་པོའི་བསམ་འཆར་དང་གྲོས་གཞི་ལེགས་པོ་འདོན་དགོས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་སྟོབས་ཤུགས་གཅིག་སྡུད་དང་མི་དམངས་སྲིད་གྲོས་དེ་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་། གཅིག་གྱུར་རང་བཞིན་དང་སྣ་མང་རང་བཞིན་བར་གྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱེད་པ་དང་མཐུན་སྒྲིལ་གཞི་ཁྱོན་རྒྱ་བསྐྱེད་ཅིང་ཐུན་མོང་གི་ལྟ་ཚུལ་ཇེ་མང་དུ་བཏང་ནས་ཧུར་ཐག་སྒོས་མཉམ་སྐྲུན་ལས་སྤེལ་གྱི་རྣམ་པ་བཟང་བོ་ཆགས་པར་བྱ་དགོས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཧུར་ཐག་སྒོས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ལག་ལེན་ཁྲོད་དུ་ཞུགས་ཏེ། ཆབ་སྲིད་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་སྔར་ལས་སྲ་བརྟན་དུ་གཏང་བ་དང་།  ཨུ་ཡོན་གྱི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱེད་དགོས་ལ། སྲིད་གྲོས་ལ་རྒྱུས་ལོན་པ་དང་གྲོས་མོལ་བྱེད་ཤེས་པ། སྲིད་གླེང་བྱེད་མཁས་པ་བཅས་བྱེད་དགོས་པ་དང་། བདེན་པར་སྨྲ་བ་དང་ཇུས་གཞི་ལེགས་འདོན། ཐབས་ལམ་གལ་ཆེན་འདོན་པ་རྒྱུན་འཁྱོངས་བྱ་དགོས། དེ་མིན་དངོས་ཡོད་དང་བསྟུན་པ་དང་ཕྱོགས་ལྷུང་ལྟ་ཚུལ་གཏན་འགོག་བྱེད་པ་དང་། ནན་ཏན་སྒོས་ལས་ཀ་བསྒྲུབ་པ་དང་མི་ལེགས་པའི་བྱ་སྤྱོད་གཏན་འགོག་བྱེད་པ། སྲིད་གྲོས་ལས་ཀའི་ཁྲོད་དུ་འགན་ནུས་ལག་བསྟར་བྱས་ཏེ་རང་གི་ལས་གནས་སུ་བྱས་རྗེས་འཇོག་པ་དང་མང་ཚོགས་ཁྲོད་དུ་དཔེ་སྟོན་གྱི་ནུས་པ་བཏོན་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་ཕྱིན་པར་མཛད་རྗེས་གསར་པ་འཇོག་དགོས་ཞེས་བསྟན།

    ཚོགས་ཆེན་རྔམ་བརྗིད་ཀྱི་རྒྱལ་གླུའི་ཁྲོད་མཇུག་སྒྲིལ། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1