སྐབས་གསུམ་པའི་ལྷ་སའི་གནས་མཆོག་རིག་རྩལ་བྱ་དགའི་དཔྱད་འདེམས་ཡང་བསྐྱར་སྤེལ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ། སྤེལ་དུས། 03-21


             ཁྱོན་ཡོངས་ནས་ལྷ་སའི་རྩོམ་རིག་སྒྱུ་རྩལ་ལས་དོན་གྱི་འཕེལ་རྒྱས་དང་གྲུབ་འབྲས་ཕྱོགས་བསྡོམས་བྱེད་པ་དང་། དུས་མཚུངས་སུ་ལོ་འདི་གའི་རིང་ལྷ་སའི་རིག་རྩལ་གསར་གཏོད་ལ་བྱས་རྗེས་གལ་ཆེན་བཞག་པའི་ཕུལ་བྱུང་རིག་རྩལ་ལས་བྱེད་པ་དང་ཕུལ་བྱུང་རིག་རྩལ་བརྩམས་ཆོས་ལ་གཟེངས་བསྟོད་དང་སྐུལ་སློང་བྱ་ཆེད། སྐབས་གསུམ་པའི་གནས་མཆོག་རིག་རྩལ་བྱ་དགའི་དཔྱད་འདེམས་གཟེངས་བསྟོད་བྱེད་སྒོ་དེ་ལོ་ངོ་18རྗེས་ནས་ཡང་བསྐྱར་སྤེལ།

             གནས་མཆོག་རིག་རྩལ་བྱ་དགའ་ནི་ལྷ་ས་གྲོང་ཁྱེར་གྱི་སྲིད་གཞུང་གིས་ཆོག་མཆན་ཐོབ་ནས་བཙུགས་པའི་བྱ་དགའ་དང་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་ཆེས་མཐོའི་རིག་རྩལ་བྱ་དགའ་ཡིན། མཇུག་མཐའི་དཔྱད་འདེམས་མཇུག་སྒྲིལ་རྗེས་ལྷ་ས་གྲོང་ཁྱེར་གྱི་སྐབས་གཉིས་པའི་རིག་རྩལ་འཐུས་ཚོགས་སྟེང་བྱ་དགའ་ཐོབ་མཁན་རྣམས་ལ་གཟེངས་བསྟོད་བྱ་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1