ཝང་ཏུང་མིང་གིས་ཕོ་ལན་གྱི་ཙུང་ཐུང་སྔོན་མ་ཁོ་མོ་ལུའོ་ཧྥུའུ་སི་ཅི་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-21


      སྤྱི་ཟླ་3པའི་ཚེས་18ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཁྲིན་ཏུའུ་ནས་ཕོ་ལན་གྱི་ཙུང་ཐུང་སྔོན་མ་ཁོ་མོ་ལུའོ་ཧྥུའུ་སི་ཅི་བཅས་དང་མཇལ་འཕྲད་གནང་། ཁོ་ཚོ་སི་ཁྲོན་ལ་རྟོག་ཞིབ་གནང་དུ་ཕེབས་པར་དགའ་བསུ་ཞུས།
      ཝང་ཏུང་མིང་གིས་ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཕོ་ལན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ལེགས་ངང་འཕེལ་རྒྱས་བྱུང་བའི་རྒྱབ་ལྗོངས་ཆེན་མོའི་འོག སི་ཁྲོན་དང་ཕོ་ལན། དེ་བཞིན་ས་གནས་ཁག་གི་མཉམ་ལས་འབྲེལ་བ་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། ལྷག་པར་དུ་2013ལོའི་ཟླ་4བར་ཤར་གཏོང་བྱས་པའི་ཁྲེན་ཏུའུ་ནས་ཕོ་ལན་ལོ་ཚི་གྲོང་ཁྱེར་གྱི་སི་ཁྲོན་ནས་ཡོ་རོབ་བར་གྱི་མྱུར་བགྲོད་ལྕགས་ལམ་ནི་ཀྲུང་གོ་ནས་ཡོ་རོབ་བར་གྱི་དངོས་འདྲེན་ཐད་གཏོང་མེ་འཁོར་ཆེས་མགྱོགས་ཤོས་ཡིན་ལ། དེ་ནི་དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་གྱི་དངོས་འདྲེན་ལམ་ཆེན་གསར་པ་ཞིག་ཏུ་གྱུར་ཡོད་ཅེས་བསྟན། 
   ཁོ་མོ་ལུའོ་ཧྥུའུ་སི་ཅི་ཡིས་ཕོ་ལན་སྲིད་གཞུང་གིས་ནམ་ཡང་ཀྲུང་གོའི་བར་གྱི་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་གཏང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་ལ། སི་ཁྲོན་ཞིང་ཆེན་དང་བཅས་པའི་ས་ཆར་གཏིང་ཟབ་པའི་སྒོ་ནས་མཉམ་ལས་བྱེད་པར་ཚད་མཐོན་པོའི་སྒོ་ནས་མཐོང་ཆེན་བྱེད་བཞིན་ཡོད། ང་ཚོས་མུ་མཐུན་དུ་ཕོ་ལན་གྱི་ཁྲིན་ཏུའུ་གཞུང་ཚབ་ཁང་གི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཤིང་། སི་ཁྲོན་ནས་ཡོ་རོབ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་བརྒྱུད་ལམ་འདི་ལ་བརྟེན་ནས། ཕན་ཚུན་བར་གྱི་བར་ཐག་ཇེ་ཉེར་གཏོང་བ་དང་། ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཆེར་གཏང་བ། དཔལ་འབྱོར་བཟོ་ཚོང་འབྲེལ་བར་ཤུགས་སྣོན་བྱེད་པ།  མི་སྣའི་བརྗེ་རེས་གཏིང་ཟབ་ཏུ་གཏང་དགོས་པར་མ་ཟད། ཧུར་ཐག་གིས་ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས། ས་ཁུལ་གྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་མཉམ་དུ་ང་ཚོའི་མཛའ་བརྩེ་མཐོ་ཚད་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏང་ངེས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1