རང་རྒྱལ་སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་ཀྱི་རྩ་འཛིན་རང་བཞིན་གྱི་ཡིག་ཆ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


ཏང་ཀྲུང་དབྱང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གཉིས་ཀྱིས་ཉེ་ལམ«རྒྱལ་ཁབ་ཀྱི་དུས་ཡུན་ བྲིང་རིང་གི་སློབ་གསོ་བཅོས་སྒྱུར་དང་འཕེལ་རྒྱས་འཆར་འགོད་རྩ་གནད»ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས་པར་མ་ཟད།ད་དུང་བརྡ་ཐོ་བཏང་ནས།ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གནས་ཚུལ་དངོས་དང་ཟུང་སྦྲེལ་སྒོས་དེ་ལག་ལེན་མཐར་ཕྱིན་ནན་ཏན་བྱ་རྒྱུའི་རེ་བ་བཏོན། 

   དེ་ནི་དུས་རབས་ཉེར་གཅིག་པའི་རང་རྒྱལ་གྱི་སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་འཆར་གཞིའི་རྩ་གནད་ཨང་དང་པོ་ཡིན་པ་དང་།དེས་2010ལོ་ནས2020ལོའི་བར་གྱི་སློབ་གསོའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་རླབས་ཆེན་དཔེ་རིས་བྲིས་པ་ཡིན་པས།རྒྱལ་ཁབ་ཀྱི་འདོད་བློ་མཚོན་པ་དང་།མང་ཚོགས་ཀྱི་ཐུགས་ཁུར་ལ་ལན་བཏབ་པ་ཞིག་ཡིན་ཕྱིར།དེ་ནི་རང་རྒྱལ་གྱི་སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་ཀྱི་རྩ་གནད་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་ལ། དུས་རབས་གསར་པའི་ནང་ཚན་རྩལ་འཆར་གཞི་རྩ་གནད་དང་།ཤེས་ལྡན་མི་སྣའི་འཆར་འགོད་རྩ་གནད་ཀྱི་རྒྱུན་མཐུད་དུ་བྱུང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་འདེགས་སྐྱོར་བྱེད་པའི་རྩ་གནད་རང་བཞིན་གྱི་ཡིག་ཆ་ཞིག་ཀྱང་ཡིན།«སློབ་གསོའི་འཆར་འགོད་རྩ་གནད»གཏན་འབེབས་བྱེད་དོན་ནི།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཉིས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་ལ་དམིགས་ནས་བཟོས་པའི་འཐབ་ཇུས་སྲིད་ཇུས་ཤིག་ཡིན་ལ།རང་རྒྱལ་གྱི་འབྱུང་འགྱུར་ལོ་བཅུའི་ནང་སློབ་གསོའི་ལས་དོན་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་འཆར་འགོད་དང་མ་འོང་སྔོན་དཔག་གི་ཚུལ་དུ་བཀོད་བསྒྲིག་བྱེད་པ་ཞིག་ཀྱང་ཡིན།«སློབ་གསོའི་འཆར་འགོད་རྩ་གནད»ཁྱབ་བསྒྲགས་བྱས་པ་དེ་ནི།རང་རྒྱལ་གྱི་སློབ་གསོ་བཅོས་སྒྱུར་དང་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་བཤུལ་ལམ་ཁྲོད་བསླངས་བའི་རྡོ་རིང་གསར་བ་ཞིག་ཡིན།དེས་མ་འོངས་པའི་ལོ་བཅུའི་ནང་གི་སློབ

་གསོའི་ལས་དོན་ཚན་རིག་དང་མཐུན་པར་འཕེལ་རྒྱས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པར་མ་ཟད།ད་དུང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་།སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པ་ཇེ་མགྱོགས་སུ་གཏོང་བ།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་བཅས་ལ་གལ་ཆེ་ཞིང་རྒྱང་རིང་བའི་ཤུགས་རྐྱེན་ཐོན་སྲིད། «སློབ་གསོའི་འཆར་འགོད་རྩ་གནད»བཟོས་པ་དེ་ནི། ཚན་རིག་དང་དམངས་གཙོས་ཇུས་ཐག་བཅད་པའི་རླབས་ཆེན་གྱི་ལག་ལེན་ཐེངས་ཤིག་ཡིན།«སློབ་གསོའི་འཆར་གཞིའི་རྩ་གནད»བཟོ་བའི་ལོ་གཉིས་ལ་ཉེ་བའི་དུས་ཡུན་ནང་།མང་ཚོགས་ཀྱི་བསམ་འཆར་ཉན་ཅི་ཐུབ་དང་།མི་དམངས་ཀྱི་བློ་གྲོས་བསྡུ་ཅི་ཐུབ་བྱས་ཤིང་།ཐེངས་གཉིས་ལ་སྤྱི་ཚོགས་ཡོངས་སུ་མངོན་གསལ་དུ་བསམ་འཆར་བསྡུ་ལེན་བྱས་ནས།ཐབས་བཀོད་དམངས་ལ་འདྲི་བ་དང་།བློ་རྩལ་དམངས་ལ་བསྟེན་པ།སྤྱི་ཚོགས་ལས་རིགས་སོ་སོ་ཡོངས་ཁྱབ་ཏུ་ཞུགས་པ་

དང་།ཆེད་མཁས་དང་རིག་པ་སྨྲ་བ་དག་ལ་ཐབས་འདོན་ཇུས་འབུལ་བྱེད་དུ་འཇུག་པ་བཅས་བྱས་ཏེ།ཚད་ཆེས་ཆེན་པོའི་སྒོ་ནས་སྤྱི་ཚོགས་ཡོངས་ཀྱིས་སློབ་གསོའི་བཅོས་སྒྱུར་འཕེལ་རྒྱས་ལ་བཅངས་པའི་རེ་སྒུག་དང་བསམ་འཆར།གྲོས་གཞི་རྣམས«སློབ་གསོའི་འཆར་འགོད་རྩ་གནད»ཁྲོད་བསྡུ་ལེན་བྱས།«སློབ་གསོའི་འཆར་འགོད་རྩ་གནད»ནི་རྒྱ་ཆེའི་སློབ་གསོའི་བྱ་བ་སྒྲུབ་མཁན་ཚོའི་ཐུན་མོང་དུ་འབད་བརྩོན་བྱས་པའི་གྲུབ་འབྲས་ཤིག་ཡིན་པར་མ་ཟད།ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་ཉིང་བཅུད་ཅིག་ཀྱང་ཡིན།རླབས་ཆེན་དམིགས་འབེན་ནི་བཟོས་ཟིན་པས།གཙོ་བོ་ནི་ལག་ལེན་ལ་རག་ལས་ཡོད།«སློབ་གསོའི་འཆར་འགོད་རྩ་གནད»ལག་ལེན་དང་དངོས་འབེབས་བཟང་པོ་བྱེད་རྒྱུ་དེ་ནི་དུས་རབས་ཉེར་གཅིག་པའི་རང་རྒྱལ་གྱི་སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་འཆར་དེ་ནི་དུས་རབས་ཉེར་གཅིག་པའི་རང་རྒྱལ་གྱི་སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་འཆར་ཞུང་
ཁག་གི་ལས་འགན་ཆེན་པོ་ཞིག་ཡིན་ལ།སློབ་གསོའི་འཐབ་ཕྱོགས་སྟེང་གི་བྱ་བ་གཙོ་བོ་ཞིག་ཀྱང་ཡིན།རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་ཁག་གིས་ལ་འཕེལ་རྒྱས་སུ་གཏོང་བ་དང་། མི་གསོ་སྐྱོང་གཞི་མ་ཡིན་པ། བཅོས་སྒྱུར་གསར་སྐྲུན། དྲང་བདེན་ཡར་སྐུལ། སྤུས་ཚད་མཐོར་འདེགས་ཅས་ཀྱི་བྱ་བའི་བྱེད་ཕྱོགས་ལྟར།བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཀྲུང་དབྱང་གི་ཇུས་ཐག་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་།མགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།སློབ་གསོའི་བཅོས་སྒྱུར་འཕེལ་རྒྱས་དེ་ཉིན་རེའི་ལས་རིམ་གལ་ཆེན་ཁྲོད་བཞག་སྟེ།མགོ་ཁྲིད་ཀྱི་སྒྲིག་སྲོལ་དང་ཇུས་ཐག་གི་ནང་རྐྱེན་འཐུས་ཚང་དུ་གཏོང་རྒྱུ་དང་། སྡེ་ཁག་སོ་སོའི་བར་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། རམ་འདེགས་ཧུར་ཐག་བྱེད་པ།ཐོན་ཁུངས་ཧྲིལ་སྒྲིལ་དང་སྟོབས་ཤུགས་མཉམ་འདུས་ཡོང་བ་ཆགས་རྒྱུ་དགོས།ཞིབ་བཤེར་ལྟ་སྐུལ་གྱི་མཐུན་སྦྱོར་ནང་རྐྱེན་འཐུས་ཚང་དུ་གཏོང་བར་འཚོལ་ཞིབ་བྱེད་པ་དང་།བྱ་བའི་འབྲས་བུར་དཔྱད་འཇོག་དང་སྲིད་འཛིན་འགན་འཁྲི་ལ་ཤུགས་བསྣན་ནས།ཀྲུང་དབྱང་གི་སློབ་གསོའི་ཇུས་ཐག་ཆེན་པོ་དང་ལག་བསྟར་བྱེད་ཤུགས་དང་སྤྱི་ཚོགས་ཧྲིལ་བོའི་ཡིད་ཆེས་ཚད་ལ་འགན་སྲུང་བྱེད་དགོས།«སློབ་གསོའི་འཆར་གཞིའི་རྩ་གནད»ལག་བསྟར་དང་དངོས་འབེབས་ལེགས་པོ་བྱེད་ན།ལས་གཞི་ཆེན་པོ་བཅུ་དངོས་འབེབས་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་།བཅོས་སྒྱུར་གྱི་ཚོད་ལྟ་ཆེན་པོ་བཅུ་སྤེལ་བ་ཇེ་མགྱོགས་སུ་གཏོང་བ།སྟོབས་ཤུགས་གཅིག་བསྡུས་སྒོས་མི་དམངས་མང་ཚོགས་ཀྱིས་འདོད་བློ་ཚིམས་པའི་དོན་དག་འགའ་བསྒྲུབས་ནས།སློབ་གསོའི་འཕེལ་རྒྱས་ལ་རྗེས་ཤུགས་སྣོན་པའི་དོན་ཆེན་བསྒྲུབ་དགོས།གཞི་རིམ་དང་མང་ཚོགས་ཀྱི་གསར་བཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་དགོས་ཤིང་།ས་གནས་སོ་སོས་ཡུལ་བབ་དང་བསྟུན་པ་དང་།སྤོབས་པ་ཆེན་པོས་འཚོལ་ཞིབ།ལག་ལེན་བྱེད་ཕོད་པ་བཅས་ལ་སྐུལ་ལྕག་བཏང་ནས།འོག་ནས་གོང་བར་དང་གོང་ནས་འོག་བར་ཏུ་ཐུན་མོང་གིས་སློབ་གསོ་བཅོས་
སྒྱུར་དང་གསར་སྐྲུན་གྱི་བྱ་བཞག་སྤེལ་བའི་རྣམ་པ་ཆགས་སུ་འཇུག་དགོས། «སློབ་གསོའི་འཆར་གཞིའི་རྩ་གནད»ལག་ལེན་མཐིལ་ཕྱིན་བཟང་པོ་བྱེད་ན།ཅིས་ཀྱང་གླེང་ཕྱོགས་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་གཏོང་དགོས།སློབ་གསོའི་འཕེལ་རྒྱས་བཅོས་སྒྱུར་གྱི་གྲུབ་འབྲས་གསར་པ་དང་།ཉམས་མྱོང་གསར་པ།དཔེ་མཚོན་གསར་པ་བཅས་དྲིལ་ ག་བྱས་ནས།དགེ་རྒན་ལ་བརྩི་བཀུར་དང་སློབ་གསོ་གཙིགས་ཆེན་བྱེད་པའི་སྣང་ཚུལ་བཟང་པོ་ཆགས་སུ་འཇུག་དགོས།སྤྱི་ཚོགས་ཡོངས་སུ་སློབ་གསོ་སྔོན་ལ་དར་སྤེལ་གཏོང་དགོས་པའི་འདུ་ཤེས་འཛུགས་པ་དང་།སློབ་གསོའི་ཆོས་ཉིད་ལ་བརྩི་འཇོག་བྱས་ནས།སློབ་གྲྭའི་སློབ་ སོ་དང་ཁྱིམ་ཚང་གི་སློབ་གསོ།སྤྱི་ཚོགས་ཀྱི་སློབ་གསོ་བཅས་ཀྱིས་ཕན་ཚུན་ལ་སྒུལ་སྐྱོད་ཐུབ་པར་ཡར་སྐུལ་བྱེད་པ་དང་།དེ་དག་ཐུན་མོང་གིས་སློབ་གསོའི་ལས་དོན་ཚན་རིག་དང་ ཐུན་པར་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས།རྒྱལ་ཁབ་སྟོབས་ལྡན་དུ་གཏོང་ན་ཅིས་ཀྱང་སློབ་གསོ་སྟོབས་ལྡན་དུ་གཏོང་དགོས་ཤིང་།རྒྱལ་ཁབ་སྟོབས་ལྡན་དུ་གཏོང་ན་ཐོག་མར་སློབ་གསོ་སྟོབས་ལྡན་དུ་གཏོང་དགོས།མི་གྲངས་དུང་ཕྱུར་བཅུ་གསུམ་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་གིས།སློབ་གསོའི་ལས་དོན་བཅོས་སྒྱུར་དང་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན།«སློབ་གསོའི་འཆར་གཞིའི་རྩ་གནད»གཏན་ཁེལ་དང་དེ་ལག་བསྟར་བྱ་རྒྱུ་ནི་མགོ་རྩོམ་ས་གསར་བ་ཞིག་ཡིན་པས།མི་དམངས་རྣམས་ཀྱིས་འདོད་བློ་ཚིམས་པའི་སློབ་གསོ་ཞིག་བསྒྲུབ་རྒྱུ་ནི་ལས་འགན་གལ་ཆེ་ཞིང་ཡུན་རིང་བའི་དོན་ཞིག་རེད།ང་ཚོས་གོ་སྐབས་དམ་འཛིན་དང་།གསར་སྤེལ་གསར་སྐྲུན།བློ་རྩ་བརྟན་པོས་ཡར་ཐོན་བརྩོན་ལེན།བྱ་བར་ཏན་ཏིག་བཅས་བྱས་ནས།འབད་པས་རང་རྒྱལ་གྱི་སློབ་གསོའི་ལས་དོན་བཅོས་སྒྱུར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་གཏོད་བྱས་ཏེ།སློབ་གསོའི་དེང་རབས་ཅན་མངོན་འགྱུར་དང་།མི་ཤུགས་ཐོན་ཁུངས་ཀྱི་རྒྱལ་ཁབ་སྟོབས་ཅན་དུ་འཛུགས་སྐྲུན་བྱེད་པ།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད་བྱས་རྗེས་སྔར་ལས་གསར་ཞིང་སྔར་ལས་ཆེ་བ་འབུལ་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1