༄༅།།དཀར་མཛེས་ཁུལ་གྱི་ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་ཞུགས་པའི་འབྲེལ་ཡོད་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22



གཅིག དཀར་མཛེས་ཁུལ་གྱི་ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་ཞུགས་ཆོག་མཁན་གང་དག་ཡོད། 

དཀར་མཛེས་ཁུལ་གྱི་སྲིད་འཛིན་ས་ཁུལ་ཁོངས་སུ་ཁྱིམ་ཐོ་ཡོད་པའི་ཞིང་འབྲོག་མང་ཚོགས་རྣམས་ཀྱིས་ཁྱིམ་ཚང་སྡེ་ཚན་དུ་བྱས་ནས་ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་དུ་ཞུགས་ཆོག ཞིང་འབྲོག་གི་ཁྱིམ་ཐོ་བསྒྱུར་ཟིན་ནས་ད་དུང་གཞི་རྩའི་སྨན་བཅོས་འགན་སྲུང་ནང་ཞུགས་མེད་པའི་ས་ཞིང་སྡུད་སྤྱོད་བྱེད་ཡོད་པ་དང་ཞིང་འབྲོག་གི་ཁྱིམ་ཐོ་ཡིན་པའི་སློབ་གྲྭ་བ་རྣམས་རང་མོས་ཀྱིས་ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་སམ་ཡང་ན་གྲོང་རྡལ་གཞིས་དམངས་ཀྱི་གཞི་རྩའི་སྨན་བཅོས་ནང་ཞུགས་ཆོག འོན་ཀྱང་དེ་གཉིས་པོར་མཉམ་དུ་ཞུགས་མི་རུང་། ལོ་དེའི་ནང་བཙའ་བའི་ཕྲུ་གུ་ཡིན་ན་མཉམ་ལས་སྨན་བཅོས་ནང་ཞུགས་ཡོད་པའི་རང་གི་ཨ་མ་དང་མཉམ་དུ་སྤྱོད་ཆོག དུས་ཚོད་ནི་ལོ་དེའི་ཟླ་12པའི་ཚེས་31བར་ཡིན། 
ལོ་རྗེས་མའི་ནང་ཕྲུ་གུའང་མཉམ་ལས་སྨན་བཅོས་ནང་ཞུགས་ནས་ལམ་ལུགས་ལྟར་རང་ཉིད་ཀྱིས་སྒོར་མོ་སྤྲོད་དགོས། ད་གཟོད་མུ་མཐུད་དུ་ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ཐེབས་རྩས་ཁ་གསབ་སྲིད་ཇུས་ལོངས་སུ་སྤྱོད་ཐུབ། 

གཉིས། ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་ཞུགས་ན་མི་རང་ཉིད་ཀྱིས་སྤྲད་དགོས་པའི་སྒོར་མོའི་ཚད་གཞི་ག་ཚོད་ཡིན། 

ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནི་མི་རང་ཉིད་ཀྱིས་དངུལ་སྤྲོད་པ་དང་སྤྱི་ཡིས་རོགས་སྐྱོར། སྲིད་གཞུང་གིས་ནོར་སྐྱོར་བཅས་བྱས་ཏེ་མ་དངུལ་བསྡུ་བའི་གྲུབ་འབྲེལ་ཞིག་ཡིན། 2013ལོར་མ་དངུལ་བསྡུ་བའི་ཚད་གཞི་ནི་མི་རེར་སྒོར་290ཡིན། དེའི་ནང་རང་ཉིད་ཀྱིས་སྒོར་60སྤྲོད་དགོས། ཀྲུང་དབྱང་དང་ཞིང་ཆེན། ཁུལ། རྫོང་རིམ་པ་བཅས་ཀྱིས་ནོར་སྲིད་གསབ་སྣོན་སྒོར་280སྟེར་བ་རེད། 
རོང་འབྲོག་གི་ལྔ་སྐྱོང་ཁྱིམ་ཚང་དང་། མ་མཐའི་འཚོ་བའི་འགན་སྲུང་ནང་ཞུགས་ཡོད་མཁན། དམིགས་གསལ་གྱིས་གཟིགས་སྐྱོང་གནང་དགོས་པ་རྣམས་ཀྱིས་རང་ཉིད་ཀྱི་ཆ་དེ་སྤྲོད་དགོས་ཀྱིས་མེད། གྲོང་སྡེའི་སྨན་བཅོས་སྐྱོབ་རོགས་མ་དངུལ་ཐེབས་རྩ་ནས་སྤྲད་རོགས་བྱས་པ་རེད། 

གསུམ། ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་ཅི་འདྲ་བྱེད་ནས་ཞུགས་དགོས། 

ཁྱིམ་ཐོའི་དེབ་བམ་ཡང་ན་ཐོབ་ཐང་དཔང་འཁྱེར་བཟུང་ནས་ཐད་ཀར་རང་ཉིད་ཀྱི་ཁྱིམ་ཐོ་ཡོད་སའི་ཡུལ་ཤོག་ངམ་གྲོང་བརྡལ་གྱི་ལས་ཁུངས་སུ་མཉམ་ལས་སྨན་བཅོས་ནང་ཞུགས་རྒྱུའི་འགྲོ་ལུགས་བསྒྲུབ་དགོས། 

བཞི། ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་ཞུགས་ན་དངུལ་སྤྲོད་རྒྱུའི་དུས་ཚོད་ནམ་ཡིན། 

ཞིང་འབྲོག་མང་ཚོགས་ཀྱིས་ཁྱིམ་ཚང་སྡེ་ཚན་དུ་བྱས་ནས་ལོ་རེའི་ཟླ་10པའི་ཚེས་30ནས་ཟླ་12པའི་ཚེས་20ཉིན་བར་དུ་ལོ་རྗེས་མའི་རང་ཉིད་ཀྱིས་འཇལ་དགོས་པའི་ཆ་དེ་ཡར་སྤྲོད་དགོས། དེ་འདྲ་བྱས་ན་ལོ་རྗེས་མའི་ཟླ་1པོའི་ཚེས་1ནས་ཟླ་12པའི་ཚེས་31ཉིན་བར་ནད་བྱུང་ན་ཁ་གསབ་རོགས་དངུལ་ལོངས་སུ་སྤྱོད་ཐུབ། 

ལྔ། ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་ཞུགས་ན་ཁ་གསབ་རོགས་དངུལ་ཅི་འདྲ་ཡོད། 

ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་ཞུགས་ན་སྨན་བཅོས་ཀྱི་ཐོབ་ཐང་ནི་སྐབས་བཅོས་སྨན་ཡོན་སྤྱིར་འཚག ནད་ལྕིའི་སྨན་ཡོན་སྤྱིར་འཚག དལ་བའི་དམིགས་གསལ་ནད་རིགས་ལ་སྐབས་བཅོས་ཁ་གསབ་དང་རྒྱུན་ལྡན་གྱི་ཕྲུ་གུ་བཙའ་སྐབས་ཀྱི་སྡོད་བཅོས་ཁ་གསབ་སོགས་འདུས་ཡོད། 

དྲུག   ཅི་ཞིག་ལ་གཏོང་སྤྲོད་(སྒོ་ཐེམ་གྲོན་དངུལ)ཚད་གཞི་ཟེར། དཀར་མཛེས་ཁུལ་གྱི་ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ཀྱི་གཏོང་སྤྲོད་(སྒོ་ཐེམ་གྲོན་དངུལ)ཚད་གཞི་དེ་ག་ཚོད་ཡིན། 

གཏོང་སྤྲོད་ཚད་གཞི་(སྒོ་ཐེམ་གྲོན་དངུལ་)ཞེས་པ་ནི་མཉམ་ལས་སྨན་བཅོས་ནང་ཞུགས་ཡོད་མཁན་རྣམས་ཀྱི་སྨན་ཁང་དུ་སྡོད་བཅོས་བྱས་པའི་སྨན་རིན་དེ་ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ཀྱི་སྤྱིར་འཚག་ཐེབས་རྩའི་རྩིས་ཞུ་ནང་འདུས་པའི་དངུལ་གྲངས་ཀྱི་རྩོམ་གནས་ལ་ཟེར། གསལ་མོ་བཤད་ན་མཉམ་ལས་སྨན་བཅོས་ནང་ཞུགས་ཡོད་མཁན་གྱི་སྡོད་བཅོས་སྨན་ཡོན་དེ་རང་གྲོན་གྱི་ཆ་དེ་ཕར་བཏོན་རྗེས། །གཏོང་སྤྲོད་ཚད་གཞི་(སྒོ་ཐེམ་གྲོན་དངུལ་)ཡན་གྱི་ཆ་ཤས་ཤིག་ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ཀྱི་སྤྱིར་འཚག་ཐེབས་རྩའི་རྩིས་ཞུ་ནང་འཇོག་ཆོག་པ་རེད། 
དཀར་མཛེས་ཁུལ་གྱི་ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ཀྱི་གཏོང་སྤྲོད་ཚད་གཞི་(སྒོ་ཐེམ་གྲོན་དངུལ་)ནི་འདི་ལྟར། སྤྱིར་འཚག་ས་ཁུལ་དུ་ཡུལ་ཤོག་(གྲོང་བརྡལ)འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ཁང་ལ་སྒོར་50ཡིན། (ཁུལ་ནང་གི་ཡུལ་ཤོག་)གྲོང་བརྡལ་(གྱི་འཕྲོད་བསྟེན་ཁང་སོགས་)ཡིན། སྤྱིར་འཚག་ས་ཁུལ་གྱི་རྫོང་རིམ་པའི་གཏན་འཁེལ་སྨན་བཅོས་ལས་ཁུངས་ལ་སྒོར་200ཡིན། (ཁུལ་ནང་གི་རྫོང་སོ་སོའི་མི་དམངས་སྨན་ཁང་སོགས་)ཡིན། སྤྱིར་འཚག་ས་ཁུལ་གྱི་ཁུལ་རིམ་པའི་གཏན་འཁེལ་སྨན་བཅོས་ལས་ཁུངས་ལ་སྒོར་400ཡིན། (དཀར་མཛེས་ཁུལ་མི་དམངས་སྨན་ཁང་དང་དཀར་མཛེས་ཁུལ་འཕྲོད་བསྟེན་སློབ་གྲྭའི་ཟུར་གཏོགས་སྨན་ཁང་སོགས་)ཡིན། སྤྱིར་འཚག་ས་ཁུལ་ལས་གཞན་པའི་ཞིང་ཆེན་ནང་གི་ས་ཁུལ་རིམ་པའི་གཏན་འཁེལ་སྨན་བཅོས་ལས་ཁུངས་ལ་སྒོར་600ཡིན། (ཁྲི་འདུ་ས་ཁུལ་སྨན་ཁང་གསུམ་པ་དང་བཞི་པ་སོགས་)ཡིན། སྤྱིར་འཚག་ས་ཁུལ་ལས་གཞན་པའི་ཞིང་ཆེན་རིམ་པ་དང་ཞིང་ཆེན་ཕྱིའི་གཏན་འཁེལ་སྨན་བཅོས་ལས་ཁུངས་ལ་སྒོར་700ཡིན། (སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་། སི་ཁྲོན་སློབ་ཆེན་ཧྭ་ཤི་སྨན་ཁང་། ཁྲི་འདུ་363སྨན་ཁང་། ཞིང་ཆེན་ཕྱིའི་ཞིང་ཆེན་རིམ་པའི་སྨན་ཁང་སོགས་)ཡིན། སྤྱིར་འཚག་ས་ཁུལ་ལས་གཞན་པའི་གཏན་འཁེལ་མེད་པའི་སྨན་བཅོས་ལས་ཁུངས་ལ་སྒོར་800ཡིན། (ཁུལ་ཕྱིའི་གཏན་འཁེལ་མེད་པའི་སྨན་ཁང་)བཅས་སོ། 
ཁུལ་དང་རྫོང་གི་མ་བུ་བདེ་སྲུང་ཁང་དང་ཀྲུང་ལུགས་དང་བོད་ལུགས་སྨན་ཁང་བཅས་སུ་རིམ་པ་གཅིག་པའི་རྨང་གཞི་ཐོག་གཏོང་སྤྲོད་ཚད་གཞི་(སྒོ་ཐེམ་གྲོན་དངུལ་) སྒོར་50མར་ཕབ་རྒྱུ་ཡིན། སྨན་ཁང་དུ་སྡོད་ཐེངས་གཅིག་ལ་ནད་གཞིའི་དབང་གིས་གོང་རིམ་གྱི་སྨན་ཁང་དུ་སྤོས་དགོས་བྱུང་ན་གོང་རིམ་སྨན་ཁང་གི་གཏོང་སྤྲོད་ཚད་གཞི་ལྟར་ལག་བསྟར་བྱེད་རྒྱུ་ཡིན། 

བདུན། སྡོད་བཅོས་སྨན་ཡོན་དེ་སྤྱིར་འཚག་ཐེབས་རྩའི་ནང་རྩིས་ཞུ་བྱེད་སྐབས་བསྡུར་ཚད་ག་ཚོད་ཡིན། 

མཉམ་ལས་སྨན་བཅོས་ནང་ཞུགས་ཡོད་པའི་ནད་པ་སྨན་ཁང་དུ་སྡོད་བཅོས་བྱེད་ན་གཏོང་སྤྲོད་ཚད་གཞི་(སྒོ་ཐེམ་གྲོན་དངུལ་)ཡན་དང་རང་གྲོན་གྱི་ཆ་ཤས་ཕར་བཏོན་རྗེས་ཀྱི་གཞི་རྩའི་སྨན་ཡོན་ཐེབས་རྩའི་ནང་རྩིས་ཞུ་བྱེད་སྐབས་བསྡུར་ཚད་ནི་གཤམ་གསལ་ལྟར། སྤྱིར་འཚག་ས་ཁུལ་དུ་ཡུལ་ཤོག་(གྲོང་བརྡལ)འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ཁང་ལ་85%ཡིན། སྤྱིར་འཚག་ས་ཁུལ་གྱི་རྫོང་རིམ་པའི་གཏན་འཁེལ་སྨན་བཅོས་ལས་ཁུངས་ལ་70%ཡིན། སྤྱིར་འཚག་ས་ཁུལ་གྱི་ཁུལ་རིམ་པའི་གཏན་འཁེལ་སྨན་བཅོས་ལས་ཁུངས་ལ་60%ཡིན། སྤྱིར་འཚག་ས་ཁུལ་ལས་གཞན་པའི་ཞིང་ཆེན་ནང་གི་ས་ཁུལ་རིམ་པའི་གཏན་འཁེལ་སྨན་བཅོས་ལས་ཁུངས་ལ་55%ཡིན། སྤྱིར་འཚག་ས་ཁུལ་ལས་གཞན་པའི་ཞིང་ཆེན་རིམ་པ་དང་ཞིང་ཆེན་ཕྱིའི་གཏན་འཁེལ་སྨན་བཅོས་ལས་ཁུངས་ལ་50%ཡིན། སྤྱིར་འཚག་ས་ཁུལ་ལས་གཞན་པའི་གཏན་འཁེལ་མེད་པའི་སྨན་བཅོས་ལས་ཁུངས་ལ་40%བཅས་སོ། ཁུལ་དང་རྫོང་གི་མ་བུ་བདེ་སྲུང་ཁང་དང་ཀྲུང་ལུགས་དང་བོད་ལུགས་སྨན་ཁང་བཅས་སུ་རིམ་པ་གཅིག་པའི་རྨང་གཞི་ཐོག་རྩིས་ཞུའི་བསྡུར་ཚད་དེ་བརྒྱ་ཆའི་གྲངས་ལྔ་ཡར་འཕར་རྒྱུ་ཡིན། 

བརྒྱད།  དཀར་མཛེས་ཁུལ་གྱི་ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ཀྱི་སྤྱིར་འཚག་ཐེབས་རྩའི་ཆེས་མཐོ་བའི་རྩིས་ཞུ་ཚད་བཅད་དེ་ག་ཚོད་ཡིན། 


ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ཀྱི་སྤྱིར་འཚག་ཐེབས་རྩའི་ཆེས་མཐོ་བའི་རྩིས་ཞུ་ཚད་བཅད་ཅེས་པ་ནི་མཉམ་ལས་སྨན་བཅོས་ནང་ཞུགས་པའི་ལོ་འཁོར་ཧྲིལ་པོ་གཅིག་གི་རིང་སྤྱིར་འཚག་ཐེབས་རྩའི་རྩིས་ཞུ་བྱེད་པའི་བསྡོམས་སྒོར་ཆེས་མཐོ་བའི་གྲངས་ཚད་ལ་ཟེར། དཀར་མཛེས་ཁུལ་གྱི་ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ཀྱི་སྤྱིར་འཚག་ཐེབས་རྩའི་ཆེས་མཐོ་བའི་རྩིས་ཞུ་ཚད་བཅད་ནི་སྒོར་50000ཡིན། དེ་ནི་མཉམ་ལས་སྨན་བཅོས་ནང་ཞུགས་ཡོད་མཁན་རྣམས་ཀྱི་ལོ་འཁོར་གཅིག་གི་རིང་ལ་བསྡོམས་པས་སྡོད་བཅོས་སྨན་ཡོན་ཆེས་མཐོ་བ་དེ་དངུལ་སྒོར་ཁྲི་50000རྩིས་ཞུ་བྱེད་ཐུབ་ཅེས་པའི་དོན་ཡིན། 

དགུ ནད་རིགས་གང་དག་མཉམ་ལས་སྨན་བཅོས་ཀྱི་སྡོད་བཅོས་སྨན་ཡོན་སྤྱིར་འཚག་ཐེབས་རྩའི་དམིགས་གསལ་ཁ་གསབ་གྱི་ཁོངས་སུ་འཇོག་ཆོག ཁ་གསབ་རོགས་དངུལ་གྱི་ཚད་གཞི་ག་ཚོད་ཡིན། 

དཀར་མཛེས་ཁུལ་གྱི་ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་ཞུགས་ཡོད་པའི་སྦྲུམ་མ་སྨན་ཁང་དུ་རྒྱུན་ལྡན་གྱི་ཕྲུ་གུ་བཙའ་ན་སྒོར་400ཡི་གྲངས་བཅད་རོགས་དངུལ་སྤྲོད་རྒྱུ། ལོ་0ནས-14བར་གྱི་མཉམ་ལས་སྨན་བཅོས་ནང་ཞུགས་ཡོད་པའི་བྱིས་པ་ལ་ཁྲག་དཀར་ནད་དང་ལྷན་སྐྱེས་སྙིང་ནད་ཕོག་ན་སྨན་ཡོན་ལྟར་70%ཡི་ཁ་གསབ་རྩིས་ཞུ་བྱེད་རྒྱུ། མཉམ་ལས་སྨན་བཅོས་ནང་ཞུགས་ཡོད་པའི་ལིང་ཏོག་གི་ནད་བྱུང་ཡོད་མཁན་རྣམས་དཀར་མཛེས་ཁུལ་མི་དམངས་སྨན་ཁང་དུ་གཤགས་བཅོས་བྱེད་ན་མིག་ཡ་གཅིག་ལ་མཉམ་ལས་སྨན་བཅོས་ཀྱི་ཁ་གསབ་རོགས་དངུལ་སྒོར་1200སྟེར་བ་དང་། རང་ཉིད་ཀྱིས་སྒོར་230སྤྲོད་དགོས། མཉམ་ལས་སྨན་བཅོས་ནང་ཞུགས་ཡོད་པའི་རོང་འབྲོག་མང་ཚོགས་ནང་ཐུམ་འབུའི་ནད་ཡར་ཞུའི་ཆ་རྐྱེན་དང་འཚམ་ལ་དཀར་མཛེས་ཁུལ་མི་དམངས་སྨན་ཁང་དུ་གཤགས་བཅོས་བྱེད་ན་རྣམ་གྲངས་གྲོན་དངུལ་སྒོར་8800སྤྲོད་རྒྱུ་རེད། རྣམ་གྲངས་གྲོན་དངུལ་སྤྲོད་པ་དེ་ཕར་བཏོན་རྗེས་ཚད་གཞི་ལྟར་མཉམ་ལས་སྨན་བཅོས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་རེད། 

བཅུ། མཉམ་ལས་སྨན་བཅོས་ནང་ཞུགས་ཡོད་མཁན་གྱིས་སྨན་བཅོས་གྲོན་དངུལ་དུས་རྩིས་རྒྱག་པའི་འགྲོ་ལུགས་ཇི་ལྟར་བསྒྲུབ་དགོས། 

ས་གནས་དེ་གའི་(རྫོང་དང་རྫོང་རིམ་པ་མན་)གྱི་གཏན་འཁེལ་སྨན་བཅོས་ལས་ཁུངས་སུ་སྨན་བཅོས་བྱེད་ན་(འཕྲལ་བཅོས་དང་སྡོད་བཅོས་གཏོགས་པའི་)སྨན་བཅོས་གྲོན་དངུལ་ཁ་གསབ་དེ་སྨན་བཅོས་ལས་ཁུངས་ཀྱིས་སྔ་རྟིང་གཏོང་རོགས་བྱེད་པ་རེད། མི་སྒེར་གྱིས་རང་ཉིད་ཀྱི་ཆ་ཤས་དེ་སྤྲོད་ན་ཆོག་གི་རེད། ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ཀྱིས་གཏོང་སྤྲོད་བྱེད་དགོས་པའི་ཆ་དེ་སྨན་བཅོས་ལག་བརྒྱུད་བྱེད་མཁན་གྱི་ལས་ཁུངས་དང་སྨན་ཁང་བར་དུ་དུས་རྩིས་རྒྱག་པ་རེད། རྫོང་དང་རྫོང་རིམ་པ་ཡན་གྱི་སྨན་བཅོས་ལས་ཁུངས་དང་ཡུལ་གཞན་པར་སྡོད་བཅོས་བྱེད་ན་མི་སྒེར་རང་ཉིད་ཀྱིས་སྨན་བཅོས་གྲོན་དངུལ་ཆ་ཚང་སྤྲོད་དགོས། དེ་ནས་《ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་དཔང་ཡིག་》དང་སྡོད་བཅོས་འཛིན་ཡིག བཅོས་ཐོན་དཔང་ཡིག སྡོད་བཅོས་གྲོན་དངུལ་ཞིབ་རྩིས་ཐོ་སོགས་ཡུལ་གྲོང་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཁང་དུ་སྤྲོད་དགོས། ཡུལ་གྲོང་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཁང་གིས་ཞིབ་བཤེར་གནང་རྗེས་ཟླ་རེར་ཡར་ཞུ་འབུལ་བ་དང་རྫོང་ལག་བརྒྱུད་ལས་ཁུངས་ཀྱིས་ཞིབ་བཤེར་གཏན་འབེབས་དང་རྩིས་ཞུ་གནང་རྗེས་ཞིང་འབྲོག་མང་ཚོགས་ཀྱི་རྩིས་ཨང་ངམ་ཡང་ན་ལག་ཏུ་སྤྲོད་པ་རེད། 

བཅུ་གཅིག ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ཐེབས་རྩས་སྨན་བཅོས་གྲོན་དངུལ་གཏོང་སྤྲོད་མི་བྱེད་པའི་རིགས་གང་དག་ཡོད། 

མི་གཞན་པས་འགན་ལེན་དགོས་པའི་སྨན་བཅོས་གྲོན་དངུལ། སྤྱི་པའི་འཕྲོད་བསྟེན་གྱིས་འགན་ལེན་དགོས་པའི་སྨན་བཅོས་གྲོན་དངུལ། རང་རྨས་བཟོ་བ་དང་ཆང་བཏུངས་ཟིང་སློང་བྱས་པ། དུག་འཐེན་པ། རྒྱག་རེས་འཛིང་རྩོད་བྱས་པ། ཕྱི་རྒྱལ་དུ་སྨན་བཅོས་བྱས་པའི་སྨན་བཅོས་གྲོན་དངུལ། སྨན་ཡོན་རྒྱུན་ཆད་རིང་གྱི་སྨན་བཅོས་གྲོན་དངུལ། སྨན་ཁང་ནས་ཕྱིར་ཐོན་དུས་ཚད་ལས་བརྒལ་བའི་སྨན་ལེན་པ་དང་རང་ཉིད་ཀྱི་ནད་གཞིའི་གནས་ཚུལ་དངོས་དང་མི་མཐུན་པའི་སྨན་བཅོས་གྲོན་དངུལ། རྫུན་བཟོ་བྱས་པའི་སྨན་བཅོས་གྲོན་དངུལ། གཞན་རྩིས་ཞུ་བྱེད་རྒྱུའི་ཁོངས་སུ་མི་འདུ་པའི་གྲོན་དངུལ་བཅས་སོ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1