ལི་ཁེ་ཆང་གིས་པོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ལས་འཛིན་ཚོགས་པའི་ཁོངས་མི་དང་མཇལ་འཕྲད་གནང་པ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-25


    སྤྱི་ཟླ3པའི་ཚེས་24ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧེ་ནན་པོ་ཨོ་དུ་པོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ལས་འཛིན་ཚོགས་པའི་ལས་འཛིན་འགན་འཛིན་པ་ཧྥུ་ཐེན་ཁང་ཧྥུ་དང་ལས་འཛིན་ཚོགས་པའི་ཁོངས་མི་ཁ་ཤས་དང་མཇལ་འཕྲད་གནང་།   
    ལི་ཁེ་ཆང་གིས་ཨེ་ཤ་ཡ་གླིང་ནི་འཛམ་གླིང་སྟེང་མི་འབོར་ཆེས་མང་པའི་གླིང་ཆེན་ཞིག་དང་རིག་གནས་སྣ་མང་གི་ཁྱད་ཆོས་ལྡན་པའི་ས་ཁུལ་ཞིག་རེད།  དུས་ཡུན་རིང་བའི་ནང་། ཨེ་ཤ་ཡ་གླིང་གི་རྒྱལ་ཁབ་སོ་སོས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་ཡུན་གནས། མཐུན་སྦྱོར་གོང་འཕེལ་བྱས། ཀྲུང་གོ་དང་ས་ཁུལ་དེ་གའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ནི་ས་ཁུལ་འདིའི་འཆམ་མཐུན་དང་ཞི་བདེ་ཡི་འཕེལ་རྒྱས་ཁོར་ཡུག་དང་འབྲེལ་བ་དམ་ཟབ་ཡོད་པ་རེད། རྒྱལ་ཁབ་སོ་སོས་འགྲོ་འོང་དང་གྲོས་མོལ་ཁྲོད་ཕན་ཚུན་ལ་རྒྱུན་ལོན་གཏིང་ཟབ་དང་ཐུན་མོང་གི་འདུ་ཤེས་ཆགས་པར་བྱས། ཐུན་མོང་གི་འདུ་ཤེས་ཡོད་ཚེ་ད་གཟོད་འཆམ་མཐུན་གྱི་ཁོར་ཡུག་ཡོད་པ་དང་འཆམ་མཐུན་གྱི་ཁོར་ཡུག་ཡོད་ཚེ་ད་བཟོད་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཐུབ་པ་རེད་ཅེས་བསྟན། 
    ཧྥུ་ཐེན་ཁང་ཧྥུ་དང་ཧྥ་རན་སི་ཡི་ཙུང་ལི་སྔོན་མ་ལཱ་ཧྥ་ལན། སིང་གྷ་ཕོར་གྱི་ཙུང་ལི་སྔོན་མ་ཝུའུ་ཙོག་ཏུང་སོགས་ལས་འཛིན་ཚོགས་པའི་ཁོངས་མིས་ཙུང་ལི་ལི་ཁེ་ཆང་ལགས་ཀྱིས་ཐེངས་འདིའི་པོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་སྟེང་གི་བརྗོད་དོན་གཏམ་བཤད་ཁ་གསལ་ལ་སྟོབས་ཤུགས་ལྡན་པས་དེས་ཕྱི་ཕྱོགས་ཀྱིས་ཀྲུང་གོ་དཔལ་འབྱོར་གྱི་མདུན་ལམ་ལ་བཅངས་པའི་ཡིད་ཆེས་ཇེ་ཟབ་ཏུ་ཕྱིན་པར་ཕན་པ་ལྡན།  ཀྲུང་གོའི་དཔལ་འབྱོར་མུ་མཐུད་དུ་འཕེལ་རྒྱས་སུ་སོང་ནས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱུན་མཐུད་ཀྱི་སྟོབས་ཤུགས་གསར་པ་བསྣན་ཐུབ་པར་ཡིད་ཆེས་ཡོད་ཅེས་བསྟན།།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1