《རང་རྒྱལ་གྱི་བོད་སྐད་ཡིག་གསར་འགྱུར་སྨྱན་སྦྱོར་ཤུགས་རྐྱེན་ཐེབས་ནུས་ཀྱི་གནད་དོན་ཞིབ་འཇུག》པར་བསྐྲུན་འགྲེམ་སྤེལ་བྱས་པ།

ཚེ་དཔལ་གྱིས་བྲིས། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 03-25


《རང་རྒྱལ་གྱི་བོད་སྐད་ཡིག་གསར་འགྱུར་སྨྱན་སྦྱོར་ཤུགས་རྐྱེན་ཐེབས་ནུས་ཀྱི་གནད་དོན་ཞིབ་འཇུག》

    ཉེ་ལམ། ནན་ཅིང་སློབ་གྲྭ་ཆེན་མོའི་གསར་འགྱུར་སྒྲོག་སྤེལ་སློབ་གླིང་གི་འགན་འཛིན་པ། ནན་ཅིང་སློང་གྲྭ་ཆེན་མོའི་གསར་འགྱུར་སློབ་གླིང་ཞིབ་འཇུག་ཁང་གི་འགན་འཛིན་པ། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་དམིགས་བསལ་མངག་བཅོལ་ལས་གཞི་《རང་རྒྱལ་གྱི་བོད་སྐད་ཡིག་གསར་འགྱུར་སྨྱན་སྦྱོར་ཤུགས་རྐྱེན་ཐེབས་ནུས་ཀྱི་གནད་དོན་ཞིབ་འཇུག》 དབུ་བཞུགས་ཆེད་རམས་པ་ཧྥང་ཡན་མིང་གིས་གཙོ་སྒྲིག་བྱས་པའི་      《རང་རྒྱལ་གྱི་བོད་སྐད་ཡིག་གསར་འགྱུར་སྨྱན་སྦྱོར་ཤུགས་རྐྱེན་ཐེབས་ནུས་ཀྱི་གནད་དོན་ཞིབ་འཇུག》ཅེས་པའི་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཆེད་དེབ་དེ་མི་རིགས་དཔེ་བསྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས།

རྩོམ་སྒྲིག་ཁོངས་མིའི་མཚན་བྱང་། 

    དེབ་འདིར་གཙོ་བོ་འདྲི་ཤོག་འགྲེམ་སྤེལ་དང་བཅར་འདྲི། ཞིབ་བསྡུར། དབྱེ་ཞིབ་སོགས་ཀྱི་ཞིབ་འཇུག་ཐབས་ལམ་སྤྱད་དེ་བོད་ཡིག་གི་ཚགས་པར་དང་དུས་དེབ། རླུང་འཕྲིན། བརྙན་འཕྲིན། དྲ་བའི་སྨྱན་སྦྱོར་བཅས་ཀྱི་མིག་སྔའི་གནས་བབ་དང་གནད་དོན་སོགས་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་འདུག ཆེད་དེབ་འདིར་ལེའུ་བདུན་གྱིས་གྲུབ་འདུག་སྟེ། ལེའུ་དང་པོ། ཀྲུང་གོའི་བོད་སྐད་ཡིག་སྨྱན་སྦྱོར་འཕེལ་རྒྱས་ཀྱི་ལོ་རྒྱུས་རགས་བསྡུས། ལེའུ་གཉིས་པ། བོད་རིགས་ས་ཁུལ་དུ་སྤྱི་བཏང་སྨྱན་སྦྱོར་ལྟ་ཉན་མཁན་གྱི་བརྟག་དཔྱད་འདྲི་ཤོག་གི་དབྱེ་ཞིབ་སྙན་ཞུ། ལེའུ་གསུམ་པ། ལྷ་ས་གྲོང་ཁྱེར་གྱི་བོད་སྐད་ཡིག་སྨྱན་སྦྱོར་གྱི་ཤུགས་རྐྱེན་ནུས་པར་ཁ་པར་ཐོག་ནས་བརྟག་དཔྱད་དབྱེ་ཞིབ་བྱས་པའི་སྙན་ཞུ། ལེའུ་བཞི་བ། རང་རྒྱལ་བོད་ཡིག་ཚགས་པར་གྱི་ཀློག་པ་པོར་བརྟག་དཔྱད་བྱས་པའི་དབྱེ་ཞིབ་སྙན་ཞུ། ལེའུ་ལྔ་པ། རང་རྒྱལ་གྱི་བོད་ཡིག་ཚགས་པར་གྱི་ཀློག་པ་པོར་བརྟག་དཔྱད་བྱས་པའི་དབྱེ་ཞིབ་སྙན་ཞུ། ལེའུ་དྲུག་པ། རང་རྒྱལ་གྱི་བོད་སྐད་ཡིག་སྨྱན་སྦྱོར་གྱི་ལས་ཞུགས་མི་སྣའི་བརྟག་དཔྱད་དབྱེ་ཞིབ་སྙན་ཞུ། ལེའུ་བདུན་པ། བོད་སྐད་ཡིག་གསར་འགྱུར་སྨྱན་སྦྱོར་གྱི་ཤུགས་རྐྱེན་ནུས་པའི་གནད་དོན་སྐོར་གྱི་བསམ་གཞིག་བཅས་སོ།། 

དཔྱད་གཞིའི་རྒྱུ་ཆ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1