ལི་ཁེ་ཆང་གིས་མ་ཞི་མོའོ་ཧྥུའུ་ལ་གློག་འཕྲིན་བཏང་ནས་ཁོས་བསྟུན་མར་ཧ་སག་སི་ཐན་སྲིད་གཞུང་གི་ཙུང་ལིའི་འགན་བཞེས་པར་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-28


    སྤྱི་ཟླ་3པའི་ཚེས་27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མ་ཞི་མོའོ་ཧྥུའུ་ལ་གློག་འཕྲིན་བཏང་ནས་ཁོས་བསྟུན་མར་ཧ་སག་སི་ཐན་སྲིད་གཞུང་གི་ཙུང་ལིའི་འགན་བཞེས་པར་རྟེན་འབྲེལ་ཞུས། 
    ཙུང་ལི་ལི་ཁེ་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བའི་འཕེལ་རྒྱས་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་གདེང་འཇོག་ཆེན་པོ་གནང་བར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་དང་མཉམ་ལས་ཀྱི་རྣམ་པ་མུ་མཐུད་དུ་གསར་གཏོད་བྱེད་དགོས་པ་དང་།  གོམ་གང་མདུན་སྤོས་སྒོས་གཉིས་ཕན་མཉམ་རྒྱལ་དང་ཁྱད་ཆོས་ཁ་གསབ་ཀྱི་མཉམ་ལས་རྣམ་པ་གསར་སྐྲུན་བྱས་ཏེ། སྔར་ལས་ལེགས་པའི་སྒོ་ནས་འགྲན་རྩོད་སྣ་ཚོགས་ལ་ཁ་གཏོད་པ་དང་གོ་སྐབས་དམ་འཛིན་བྱས་ནས་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བ་མངོན་འགྱུར་བྱེད་འདོད་ཡོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1