༄༅།། མེ་གསོད་པར་ཆར་པ་སྒུག་པ།

རྩོམ་སྒྲིག་པ། རྣམ་དཀར་ལྷ་མོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 04-05


    ཉིན་ཞིག་གློ་བུར་དུ་ཁྱིམ་ཞིག་ལ་མེ་ཤོར་བ་དང་མེ་ཤུགས་ཀྱང་ཤིན་ཏུ་ཆེ། སྐབས་དེར་ཁྱིམ་དེའི་ཨ་ཕས་ཁྱིམ་མི་ཚོར་མགྱོགས་པོ་གཙང་པོ་ནས་ཆུ་བླངས་ཏེ་མེ་གསོད་དགོས་ཞེས་སྨྲས། དེ་མུར་ཨ་མས་གཙང་པོ་ལམ་ཐག་རིང་པས་ཁྲོན་པ་ནས་ཆུ་བླངས་ན་ལེགས་ཞེས་བཤད་པས། ཁྱིམ་དེའི་བུ་ཆེ་བས་ཁྲོན་པ་ལམ་ཐག་ཉེ་ཡང་ཆུ་མང་པོ་མེད་པས་དེ་ལས་རི་སྟེང་གི་ཆུ་མིག་དེ་རི་གཤམ་དུ་ཁྲིད་ན་ལེགས་ཞེས་སྨྲས། སྐབས་དེར་ཁྱིམ་དེའི་བུ་ཆུང་བས་རི་སྟེང་ནས་ཆུ་ཁྲིད་རྒྱུ་རྙོག་དྲ་ཆེ་བས་དེ་ལས་ད་ལྟ་ལམ་སེང་གནམ་ནས་ཆར་པ་གཏོང་རྒྱུར་བསྒུག་ན་ལེགས་ཤོས་ཡིན་ཞེས་བཤད་པས་ཁྱིམ་མི་རྒན་གཞོན་ཚང་མས་དེ་མུར་པུས་མོ་ས་ལ་བཙུགས་ནས་གནམ་ལྷས་ཆར་པ་སྦྱིན་པ་གཏོང་རྒྱུར་སྨོན་ལམ་བཏབ། འོན་ཀྱང་གནམ་ལྷས་ཆར་པ་སྦྱིན་པ་མ་གནང་གོང་མེ་ཡིས་ཁྱིམ་དེ་སོལ་བའི་རྒྱུ་ལ་བཏང་ཟིན་ནོ།།

                                                            བཀྲ་ཤིས་ཚེ་རིང་གིས་བསྡུས།
                                                 《བོད་ཀྱི་དགོད་གཏམ་ཕྱོགས་བསྒྲིགས།》ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1