སྐབས་དང་པོའི་བོད་ལྗོངས་ཚོང་ལས་འཕེལ་རྒྱས་གླེང་སྟེགས་ལྷ་སའི་ཤམ་བྷ་ལའི་མགྲོན་ཁང་ཆེན་མོ་རུ་བསྡུས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 04-05


               སྤྱི་ཟླ་4པའི་ཚེས་2ཉིན། འགྱུར་བ་དང་གསར་སྐྱེས་ཞེས་བརྗོད་བྱ་ཡིན་པའི་སྐབས་དང་པོའི་བོད་ལྗོངས་ཚོང་ལས་འཕེལ་རྒྱས་གླེང་སྟེགས་དེ་ལྷ་ས་གྲོང་ཁྱེར་ཤམ་བྷ་ལའི་མགྲོན་ཁང་ཆེན་མོ་རུ་བསྡུས། དེ་ནི་མིག་སྔར་བོད་ལྗོངས་ཚོང་ལས་ཁྱབ་ཁོངས་སུ་ཚད་གཞི་མཐོ་ཤོས་ཀྱི་ཚོགས་འདུ་ཆེན་མོ་ཞིག་ཡིན། བོད་ལྗོངས་ས་གནས་སོ་སོ་ནས་ཕེབས་པའི་ཚོང་ལས་མཐུན་ཚོགས་ཀྱི་འཐུས་མི་དང་བོད་ལྗོངས་སློབ་ཆེན་གྱི་ཆེད་མཁས་པ་གྲགས་ཅན། དངུལ་རྩའི་ཁྱབ་ཁོངས་ཀྱི་འཐུས་མི། མིང་ཅན་སིལ་འཚོང་དང་བཟའ་བཅའི་ཁེ་ལས་ཀྱི་འཐུས་མི། པེ་ཅིང་དང་ཧྲང་ཧའེ་ཡི་རྒྱལ་སྤྱིའི་ཚོང་རྟགས་གྲགས་ཅན་གྱི་ཚབ་སྒྲུབ་ཚོང་པ་སོགས་གདན་ཞུའི་སྐུ་མགྲོན་གལ་ཆེན་བརྒྱ་ལྷག་གིས་འཕྲིན་སྦྲེལ་དྲ་བའི་དུས་རབས་ཀྱི་ཚོང་ལས་འགྲན་སློང་དང་གོ་སྐབས། ཨའོ་ཐུ་ལའེ་སུ་ཡི་ཀྲུང་གོའི་འཕེལ་རྒྱས་མདུན་ལྗོངས་ལ་རྒྱང་ལྟ་བྱ་བ། བོད་ལྗོངས་ཚོང་ལས་འཕེལ་རྒྱས་ཀྱི་ཐབས་ལམ་ལ་ཞིབ་དཔྱད་བྱ་བ་བཅས་ཀྱི་གྲོས་གཞི་གསུམ་ལ་དམིགས་ཏེ་བགྲོ་གླེང་བྱས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1