དབྱི་ལི་ཡིས་ཧྥ་རན་སིའི་ཨན་མོན་མཐུན་ཚོགས་ཀྱི་གཙོ་འཛིན་མ་ཏའེ་ཨེར་དང་མཇལ་ཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-05


    སྤྱི་ཟླ་4པའི་ཚེས་1ཉིན། ཞིང་ཆེན་ཏང་ཨའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་ཁྲེན་ཏུའུ་ནས་ཧྥ་རན་སིའི་ཨན་མོན་མཐུན་ཚོགས་ཀྱི་གཙོ་འཛིན་མ་ཏའེ་ཨེར་དང་མཇལ་ཕྲད་གནང་།
    དབྱི་ལི་ཡིས་མ་ཏའེ་ཨེར་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་དང་། སི་ཁྲོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་གནས་ཚུལ་ངོ་སྤྲོད་བྱས།
    མ་ཏའེ་ཨེར་གྱིས་སི་ཁྲོན་གྱི་རིམ་པ་ཁག་གི་སྲིད་གཞུང་གིས་ཨན་མོན་མཐུན་ཚོགས་སི་ཁྲོན་ནས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བཀའ་དྲིན་ཆེ་ཞུས་པ་རེད། ཁོས་བཤད་རྒྱུར། ཉེན་འགོག་འགན་ལེན་ཐོན་ལས་སི་ཁྲོན་དུ་འཕེལ་རྒྱས་ཀྱི་མདུན་ལམ་ཧ་ཅང་ཡག་པོ་ཡོད་པར་རེ་བ་བྱས་ཡོད་ལ། སྔར་ལས་ལྷག་པའི་སྒོ་ནས་ཉེན་འགོག་འགན་ལེན་གྱི་ལས་སྒོ་གསར་པ་འཚོལ་ཞིབ་བྱེད་པ་དང་སི་ཁྲོན་ཀྱི་ཞབས་ཞུའི་ལས་ཁུངས་རྒྱ་བསྐྱེད་དུ་བཏང་ནས། སི་ཁྲོན་གྱི་མཁོ་མི་ལ་ཞབས་ཞུ་སྔར་བས་ཇེ་ལེགས་སུ་གཏང་བ་དང་། སི་ཁྲོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་ཇེ་ལེགས་སུ་སྒྲུབ་རྒྱུ་ཡིན།
  ཞིང་དཔོན་གཞོན་པ་ཀན་ལེན་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ལུའོ་ཆང་སོགས་ཚོགས་འདུར་ཞུགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1