༄༅།། སྣུམ་ཚོན་གྱིས་བཞེངས་པའི་བོད་ཀྱི་སྣོད་བཅུད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-11


མེ་ཏུང་ཧྲེང་གི་སྣུམ་ཚོན་རི་མོ་བདམས་བཀོད། 
    མེ་ཏུང་ཧྲེང་ནི་བོད་ཀྱི་ཉི་ཟླ་དང་རི་ཆུ། རྒོད་སྐྱེས་སྲོག་ཆགས་དང་འབྲོག་པའི་འཚོ་བ་སོགས་ཕྱིའི་སྣོད་ཀྱི་བཀོད་པ་དང་ནང་བཅུད་ཀྱི་སེམས་ཅན་བརྗོད་བྱར་བཟུང་སྟེ་སྒྱུ་རྩལ་གསར་བཞེངས་བྱེད་པའི་རྒྱའི་སྣུམ་ཚོན་རི་མོ་མཁན་གྲགས་ཅན་ཞིག་ཡིན། ད་ལྟ་པེ་ཅིང་གྲོང་ཁྱེར་དུ་བཞུགས་ཤིང་ལེའོ་ཉིང་ཞིང་ཆེན་ཀྲུང་གོའི་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་མི་དང་། ལེའོ་ཁོའུ་ན་གཞོན་རི་མོ་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ལེའོ་ཁོའུ་སྣུམ་ཚོན་རི་མོ་སློབ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་གཅིག་ལྕོགས་སུ་བཞེས་ཡོད།
  1990ལོ་ནས་བཟུང་ད་བར་དུ་ལམ་བར་གྱི་དཀའ་ཁག་གང་མང་ཁྱད་དུ་བསད་དེ་བོད་ལྗོངས་དང་མཚོ་སྔོན། ཀན་ལྷོ་སོགས་བོད་ཀྱི་ཡུལ་གྲུ་ཀུན་ལ་ཐེངས་མང་ཕྱིན་ནས་ཁྱད་དུ་འཕགས་པའི་སྒྱུ་རྩལ་བརྩམས་ཆོས་གང་མང་འབྲི་བཞེངས་གནང་། ཁོང་གི་སྣུམ་མཚོན་རི་མོ་《ཉི་མར་ཁ་ཕྱོགས་པ།》དང་《གངས་ལྗོངས་ནས་ཐོན་པ།》 《འབྲོག་ཁྱིའི་གཏམ་རྒྱུད། 》《ཧི་མ་ལ་ཡའི་རླུང་།》སོགས་ལ་རྒྱལ་ཕྱི་ནང་གི་སྣུམ་ཚོན་རི་མོའི་འགྲེམ་སྟོན་དང་འགྲན་བསྡུར་སྟེང་གཟེངས་རྟགས་ཐེངས་མང་ཐོབ་པར་མ་ཟད། བརྩམས་ཆོས་གང་མང་ཞིག་དབྱིན་ཇི་དང་མ་ལེ་ཞི་ཡ། ཨ་མེ་རི་ཁ། ཐའེ་ཝན། ཞང་ཀང་སོགས་ཀྱི་མཛེས་རྩལ་ཁང་དང་རིག་དངོས་ཁང་། སྤྱི་གཉེར་ཁང་དང་མི་སྒེར་སོགས་ཀྱིས་ཉར་ཚགས་བྱས་ཡོད། 
  མི་ལ་ལས་བཤད་པ་ལྟར་ན། མེ་ཏུང་ཧྲེང་གི་སྣུམ་ཚོན་རི་མོར་མྱོང་རོལ་མ་བྱས་སྔོན་དུ་རང་སེམས་ལ་གྲ་སྒྲིག་ཅིག་དགོས་ཏེ། གལ་ཏེ་གྲ་སྒྲིག་མེད་ན་དེའི་ཁྲོད་དུ་སྦས་པའི་ཟབ་ཅིང་ཕྱུག་པའི་བརྩེ་དུང་གི་ཚོར་འདུ་ཟབ་མོས་ཁྱོད་རང་ཧ་ལས་ཤིང་ཧོན་ཐོར་དུ་འཇུག་སྲིད་ཟེར། ཁོང་གི་བརྩམས་ཆོས་དེ་དག་ནི་མངོན་སུམ་དང་འདུ་ཤེས་གཅིག་ཏུ་འདུས་པ་ཞིག་ཡིན་ལ་རིག་གནས་ཀྱི་མཐུན་སྦྱོར་ཞིག་ཀྱང་ཡིན་ཏེ། དེའི་ཕྱིའི་རྣམ་པ་ལས་མི་གཞན་གྱི་བརྩམས་ཆོས་དང་མི་འདྲ་བའི་མཛེས་རྟོགས་ཀྱི་ཚོར་ཤེས་ཤིག་རྙེད་ཐུབ། བརྩམས་ཆོས་དེ་དག་གིས་མི་རྣམས་ལ་བརྗོད་ཐབས་བྲལ་བའི་བློ་འབྱེད་མང་པོ་དང་བསམ་གཞིག་གི་བར་སྟོང་ཕུན་སུམ་ཚོགས་པ་ཞིག་སྟེར་སྲིད། 
  མཛེས་སྣང་མངོན་ཚུལ་ལ་བརྗིད་ཆགས་དང་མཛེས་སྡུག གསོན་ཉམས་ལྡན་པ། ཡིད་དུ་འོང་བ་སོགས་མང་པོ་ཡོད་པ་ལས་མེ་ཏུང་ཧྲེང་གི་བརྩམས་ཆོས་ནི་བརྗིད་ཆགས་ཡིད་འོང་ཞེས་པའི་ཚིག་གིས་མཚོན་པར་བྱས་ན་ཐལ་ཅུང་ཙམ་ཡང་མི་ཆེ་སྙམ་མོ། ། 

རྨི་ལམ་ཁྲོད་ཀྱི་བོད་ལྗོངས། 
ཧི་མ་ལ་ཡའི་རླུང་། 
འབྲོང་ཡག་དར་མ།

གྲང་རླུང་ཁྲོད་ཀྱི་ཚེ་སྲོག

མཐོ་སྒང་ནས་འཕྲོས་པའི་འོད་སྣང་། 


འབྲོག་ཁྱིའི་གཏམ་རྒྱུད། 
རྒྱང་སྐྱོད། 
འབྲོག་ཁྱིའི་གཏམ་རྒྱུད། 
ཉི་མའི་གྲོང་གི་ལྷ་བྱ། 
གཤོག་རྩེ་ལས་འཕྲོས་པའི་འོད་སྣང་། 
   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1