ཙོང་ཁ་ལ་བཙས་ཆེན་མོར་ཆེས་ཆེ་བའི་ལབ་བཙས་ཀྱི་ཅི་ཉི་སི་ཟིན་ཐོའི་མཚན་སྙན་ཐོབ།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་དྲ་བ། སྤེལ་དུས། 04-12


    སྤྱི་ཟླ་4པའི་ཚེས་9ཉིན། ཁྲི་ཀ་རྫོང་གི་ཙོང་ཁ་ལ་བཙས་ཆེན་མོ་འཛམ་གླིང་ཅི་ཉི་སི་ཟིན་ཐོའི་བློ་འདྲི་པེ་ཅིང་།སྤྱི་གཉེར་ཁང་གི་བདེན་དཔང་བྱས་ཏེ་འཛམ་གླིང་ཅི་ཉི་སི་ཟིན་ཐོར་བཀོད་པ་དང་། ཟིན་ཐོར་བཀོད་པའི་མཛད་སྒོ་སྒོ་མེ་ལའི་ཙོང་ཁ་ལ་བཙས་མདུན་དུ་སྤེལ། ཨེ་ཤ་ཡའི་ཁུལ་གྱི་བདེན་དཔང་བ་ཝུའུ་ཞའོ་ཧུང་གིས། མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་ཡུལ་སྐོར་གསར་སྤེལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་འཛུགས་སྐྲུན་བྱས་པའི་མཐོ་ཚད་ལ་སྨི་37དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་1672.24ཡོད་པའི་ཙོང་ཁ་ལ་བཙས་ཆེན་མོར་འཛམ་གླིང་གི་ཆེས་ཆེ་བའི་ལབ་བཙས་ཀྱི་ཅི་ཉི་སི་ཟིན་ཐོའི་མཚན་སྙན་ཐོབ་པ་ཁྱབ་བསྒྲགས་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1