མཛོད་དགེ་རྫོང་གི་བཅའ་ཁྲིམས་གྲོང་གསེབ་ཏུ་བསྐྱོད་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་འགོ་ཚུགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 04-13


    ཉེ་ཆར། ཐང་སྐོར་གྲོང་རྡལ་དུ་བོད་རྒྱ་སྐད་གཉིས་ཀྱི་བཅའ་ཁྲིམས་བདུན་སྐྱོད་ཅེས་པ་གཅིག་བསྡུས་ཀྱིས་སྒྲོག་འགྲེལ་སྤེལ་པ་དེས་མཛོད་དགེ་རྫོང་གི་2016ལོའི་བཅའ་ཁྲིམས་གྲོང་གསེབ་ཏུ་བསྐྱོད་པའི་གཅིག་བསྡུས་སྒྲོག་འགྲེལ་བྱེད་སྒོ་སྤེལ་འགོ་ཚུགས།

     བྱེད་སྒོ་ཁྲོད་ཁྲིམས་སྐྱོང་སྐོར་གྱི་དྲིལ་བསྒྲགས་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་ཁྲིམས་སྐྱོང་འཆད་ཁྲིད། བཅའ་ཁྲིམས་བློ་འདྲི་སྟེགས་བུ་འཛུགས་པ། ཁྲིམས་སྐྱོང་སྐོར་གྱི་དྲིལ་བསྒྲགས་དཔྱད་ཡིག་སྤེལ་པ། ཡུལ་དངོས་བཅའ་ཁྲིམས་བློ་འདྲི་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་《རྒྱུ་དངོས་བདག་དབང་སྐོར་གྱི་བཅའ་ཁྲིམས།》དང་《རྩྭ་ཐང་སྐོར་གྱི་བཅའ་ཁྲིམས།》《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས།》《བཅའ་ཁྲིམས་རོགས་སྐྱོར་གྱི་སྲོལ་ཡིག》 སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པ་མ་ཟད། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འབྲེལ་བ་དམ་ཟབ་ལྡན་པའི་བཅའ་ཁྲིམས་གནད་དོན་ཀུན་མཐོང་ཅན་དང་གནད་དོན་དཀའ་ཁག་ཅན་ལ་ཡུལ་དངོས་ནས་ལན་བཏབ།།

     ཁྱོན་བསྡོམས་བོད་རྒྱ་སྐད་གཉིས་ཀྱི་《ཞིང་འབྲོག་མང་ཚོགས་ཀྱི་རྒྱུན་སྤྱོད་བཅའ་ཁྲིམས་ཤེས་བྱ་དང་གྱོད་དཔེ་བདམས་བསྒྲིགས།》དེབ་100ལྷག་དང་། བཅའ་ཁྲིམས་ཤེས་བྱའི་དྲིལ་བསྒྲགས་ཡིག་ཆ་100ལྷག་འགྲེམ་སྤེལ་བྱས་ཤིང་ བཅའ་ཁྲིམས་བློ་འདྲི་མི་ཐེངས་13ལ་ལན་བཏབ་པས། དྲིལ་བསྒྲགས་ཀྱི་ཕན་འབྲས་ལེགས་པོ་ཐོན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1