ལི་ཁེ་ཆིང་གིས་ཨི་ཟི་རེལ་གྱི་གྲོས་དཔོན་ཨེ་ཏེར་སི་ཐན་དང་མཇལ་ཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-13


     སྤྱི་ཟླ་4པའི་ཚེས་12ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆིང་གིས་ཀྲུང་ནན་ཧའེ་རུ་ཨི་ཟི་རེལ་གྱི་དབྱི་ཀྲང་ཨེ་ཏེར་སུ་ཐན་དང་མཇལ་ཕྲད་གནང་། 

           ལི་ཁེ་ཆིང་གིས་ཀྲུང་ཨི་རྒྱལ་ཁབ་གཉིས་ཀྱིས་ཁྲིམས་འཛུགས་ལས་ཁུངས་བར་སྤེལ་རེས་ཤུགས་སྣོན་བྱས་ན་མི་དམངས་བར་གྱི་ཕན་ཚུན་རྒྱུས་ལོན་ཇེ་ཟབ་གཏང་བར་ཕན་ཞིང་ཀྲུང་ཨི་འབྲེལ་བའི་དམངས་སེམས་རྨང་གཞི་སྲ་བརྟན་གཏང་ཐུབ། ཨི་ཟི་རེལ་གྲོས་ཚོགས་ཀྱིས་སྔར་བཞིན་ཀྲུང་ཨི་འབྲེལ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་དང་མཉམ་དུ་ཀྲུང་ཨི་བར་གྱི་དངོས་དོན་མཉམ་ལས་ལ་སྐུལ་འདེད་དང་རིག་གནས་བརྗེ་རེས་ཟབ་སྤེལ་སོགས་སུ་སྔར་ལས་ལེགས་པའི་ཁོར་ཡུག་བསྐྲུན་པ་དང་། མཉམ་ལས་གྲུབ་འབྲས་སྔར་ལས་མང་པོར་བརྒྱུད་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་རེ་བ་ཆེན་པོ་ཡོད་ཅེས་བསྟན། 

ཨེ་ཏིར་སུ་ཐན་གྱིས་ཨི་ཀྲུང་མཛའ་མཐུན་གྱི་རྨང་གཞི་གཏིང་ཟབ་ཅིང་ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ལ་ཡིད་སྨོན་བྱེད་བཞིན་ཡོད། ང་ཚོས་ཀྲུང་གོའི་སྲིད་གཞུང་དང་ཁྲིམས་འཛུགས་ལས་ཁུངས། ཁེ་ལས་ལས་རིགས། རིག་གཞུང་ལས་རིགས་དང་དམངས་ཁྲོད་བར་གྱི་བརྗེ་རེས་རྒྱ་སྐྱེད་པར་ཤུགས་སྣོན་བྱས་ཏེ་ཀྲུང་ཨི་འབྲེལ་བར་མུ་མཐུད་དུ་གཉིས་ཕན་མཉམ་རྒྱལ་གྱི་འབྲས་བུ་ལོན་པར་བརྩོན་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1