ལི་ཁེ་ཆང་གིས་ནི་ཇེ་རི་ཡའི་སྲིད་འཛིན་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-14


 
    སྤྱི་ཟླ་4པའི་ཚེས་13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ནི་ཇེ་རི་ཡའི་སྲིད་འཛིན་པོ་ཧ་ལི་དང་མཇལ་འཕྲད་གནང་། 
    ལི་ཁེ་ཆང་གིས་ཀྲུང་གོ་དང་ནི་ཇེ་རི་ཡ་ཡིས་འབྲེལ་བ་བཙུགས་ནས་ལོ་ངོ་45འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་ཕྱིན་ཞིང་གཉིས་ཕན་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་མ་ཟད། ཀྲུང་གོ་དང་ཧྥེ་གླིང་གི་མཉམ་ལས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན། ཀྲུང་གོ་ཕྱོགས་ནས་ནི་ཇེ་རི་ཡ་དང་མཉམ་དུ་ལྕགས་ལམ་དང་གཞུང་ལམ། ཆུ་གློག་ས་ཚུགས་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་གཙོ་གནད་དུ་བཟུང་སྟེ་ཤུགས་ཆེན་པོས་ནུས་ཁོངས་མཉམ་ལས་སྤེལ་བ་དང་ནི་ཇེ་རི་ཡའི་བཟོ་ལས་ཅན་གྱི་འཕེལ་རྒྱས་ལ་སྒུལ་འདེད་བཏང་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་པ་མ་ཟད། རང་མོས་ཉོ་ཚོང་ཁུལ་གྱི་འཛུགས་སྐྲུན་མཉམ་ལས་དང་ཐོན་ལས་སྦྲེལ་མཐུད་ལ་ཤུགས་སྣོན། ཞིང་ལས་ལག་རྩལ་གྱི་བསྒྱུར་བཀོད་དང་ཞིང་ལས་དངུལ་འཇོག་རྒྱ་སྐྱེད། མཁའ་སྐྱོད་དང་གཏེར་ལས། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྤེལ་འདོད་ཅེས་བསྟན།
    པོ་ཧ་ལི་ཡིས་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་བརླིང་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པ་རེད། ཇེ་རི་ཡ་སྲིད་གཞུང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་པའི་རྨང་གཞིའི་སྟེང་ཀྲུང་གོ་ཕྱོགས་དང་མཉམ་དུ་མཚོ་རྒྱུད་ཀྱི་ལྕགས་ལམ་དང་གཞུང་ལམ། ཆུ་གློག་ས་ཚུགས་སོགས་རྨང་གཞིའི་སྒྲིག་གཞི་གལ་ཆེན་གྱི་འཛུགས་སྐྲུན་མཉམ་ལས་ལ་སྐུལ་འདེད་དང་ཞིང་ལས་དང་གཏེར་ལས། བཟོ་སྐྲུན་ལས་རིགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་ནི་ཇེ་རི་ཡའི་དཔལ་འབྱོར་སྣ་མང་ཅན་ལ་རོགས་འདེགས་བྱས་ནས་ནི་ཇེ་རི་ཡ་དང་ཀྲུང་གོའི་འབྲེལ་བ་དང་མཉམ་ལས་ཆུ་ཚད་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏང་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1