ཞི་ཅིན་ཕིང་གིས་ཨོ་སི་ཐྲ་ལི་ཡའི་ཙུང་ལི་ཐི་ཨིན་པོར་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-16


  སྤྱི་ཟླ་4པའི་ཚེས་15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་སི་ཐྲ་ལི་ཡའི་ཙུང་ལི་ཐི་ཨིན་པོར་དང་མཇལ་འཕྲད་གནང་།

  ཞི་ཅིང་ཕིང་གིས་དེང་སྐབས་ཀྲུང་གོ་དང་ཨོ་སི་ཐྲ་ལི་ཡའི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཤིན་ཏུ་ལེགས་ཤིང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཉིན་རེ་བཞིན་གཏིང་ཟབ་ཏུ་གྱུར་བཞིན་འདུག ཀྲུང་གོ་ཕྱོགས་ནས་ཨོ་སི་ཐྲ་ལི་ཡའི་འབྲེལ་བ་འཕེལ་རྒྱས་སུ་ཕྱིན་པར་ཚད་མཐོ་བའི་མཐོང་ཆེན་བྱེད་བཞིན་ཡོད་པར་མ་ཟད། ཨོ་སི་ཐྲ་ལི་ཡ་དང་མཉམ་དུ་ཕན་ཚུན་ལ་ཡིད་ཆེས་དང་གཉིས་ཕན་གྱི་རྨང་གཞིའི་སྟེང་སྔར་ལས་ལེགས་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་དང་གཉིས་ཕན་མཉམ་ལས་རྒྱ་སྐྱེད། ཐུན་མོང་ལ་ཕན་པའི་ལས་དོན་ལེགས་པོ་བསྒྲུབས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལེགས་པའི་བདེ་སྐྱིད་བསྐྲུན་འདོད་ཅེས་བསྟན།

  ཐི་ཨིན་པོར་གྱིས་ཨོ་སི་ཐྲ་ལི་ཡ་ཡིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་དང་འཛམ་གླིང་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་པར་ཡིད་ཆེས་ཆེན་པོ་ཡོད་པས་གོམ་གང་མདུན་སྤོས་སྒོས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་དང་ཕྱོགས་གཉིས་ཀྱི་བཟོ་ཚོང་དང་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་རེ་བ་ཡོད་ཅེས་བསྟན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1