འཆར་གཞི་ལྟར་ན་བོད་ཆའང་དབྱིས་རིག་གནས་ཐོན་ལས་གླིང་ལོ་གསུམ་ནས་ལྔའི་བར་འཛུགས་སྐྲུན་ལེགས་འགྲུབ་འབྱུང་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-19


     གསར་འགོད་པས་ཉེ་ཆར་མའོ་རྫོང་ནས་འཚོགས་པའི་བོད་ཆའང་དབྱིས་རིག་གནས་ཐོན་ལས་གླིང་གི་རྣམ་གྲངས་འཛུགས་སྐྲུན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། སི་ཁྲོན་སན་རེས་ཏེ་དངོས་ལས་ཚད་ཡོད་སྤྱི་གཉེར་ཁང་དང་སི་ཁྲོན་འཚེམ་རྒྱས་བོད་ཆའང་རིག་གནས་བཟོ་རྩལ་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གིས་མཉམ་འབྲེལ་སྒོས་བསྐྲུན་རྒྱུ་ཡིན་པའི་བོད་ཆའང་དབྱིས་རིག་གནས་ཐོན་ལས་གླིང་གི་རྣམ་གྲངས་ནི་མའོ་རྫོང་དུ་མ་དངུལ་སྒོར་དུང་ཕྱུར་30གཏང་རྒྱུ་ཡིན་ལ། ས་ཁྱོན་མུའུ་100ཟིན་ཡོད། འཆར་གཞི་ལྟར་ན་ལོ་གསུམ་ནས་ལྔའི་དུས་ཚོད་ནང་འཛུགས་སྐྲུན་ལེགས་འགྲུབ་འབྱུང་རྒྱུ་ཡིན། ཐོན་ལས་གླིང་འདིའི་ནང་དུ་གཙོ་བོ་བོད་ཆའང་གི་འཚེམ་དྲུབ་ཀྱིས་ཚབ་མཚོན་བྱས་པའི་བོད་ཆའང་དབྱིས་རིག་གནས་བཟོ་རྩལ་ཐོན་རྫས་རབ་དང་རིམ་པ་ཁྱབ་གདལ་གཏང་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1