ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་གྱི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པར་གཙོ་སྐྱོང་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-19


             སྤྱི་ཟླ་4པའི་ཚེས་18ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་གྱི་འགོ་ཁྲིད་ཚན་ཆུང་གི་འགན་འཛིན་པ་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་གྱི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པར་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བཅོས་བསྒྱུར་ལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་སྣོན་གྱི་ཕྱོགས་སུ་བསྐྱོད་དགོས་ཤིང་སྤྱི་ཚོགས་རིང་ལུགས་ཀྱི་དྲང་བདེན་དང་འདྲ་མཉམ་སྲུང་སྐྱོང་བྱེད་བའི་ཕྱོགས་སུའང་བསྐྱོད་དགོས། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་ཐད་ནས་མཁོ་འདོན་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏང་བར་མཐོང་ཆེན་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གྱི་གནད་དོན་ཐག་གཅོད་ནན་མོ་བྱ་དགོས། མི་དམངས་གཙོ་བོ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་པའི་ཕྱོགས་སོ་སོའི་ལྷུ་ཚིགས་ལས་མཚོན་པར་བྱས་ནས། མི་དམངས་ཀྱིས་ཅི་ཞིག་ལ་སེམས་ཁུར་དང་ཅི་ཞིག་ལ་རེ་བ་ཡོད་པ། བཅོས་སྒྱུར་གྱི་དམ་འཛིན་བྱ་དགོས་ས་དང་སྐུལ་འདེད་བྱ་དགོས་ས། བཅོས་བསྒྱུར་ལ་བརྟེན་ནས་མི་དམངས་མང་ཚོགས་ལ་སྔར་བས་བདེ་སྐྱིད་བསྐྲུན་དགོས་ཞེས་བསྟན།

             ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་གྱི་འགོ་ཁྲིད་ཚན་ཆུང་གི་འགན་འཛིན་གཞོན་པ་ལི་ཁེ་ཆང་དང་ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་གྲོས་ཚོགས་སུ་ཞུགས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1