༄༅།། རྒྱལ་པོ་སྣང་སྲིད་བློ་གྲོས།

དབང་ཆེན། རྩོམ་སྒྲིག་པ། མི་གསལ།ཡོང་ཁུངས།དམངས་སྒྲུང་རྣ་བའི་བུ་རམ་ལས་བཏུས། སྤེལ་དུས། 04-22


  གནའ་སྔ་མོ་སྔོ་མོ་སྟོད་ཀྱི་ཡུལ་ལ་བདུད་ཀྱི་རྒྱལ་པོ་ཞིག་ཡོད། བདུད་རྒྱལ་དེའི་ཕའི་མིང་ལ་ལུག་རྫི་སེམས་པ་དཀར་ཟེར་བ་དང་བདུད་རྒྱལ་དེའི་བཙུན་མོའི་མིང་ལ་བཙུན་མོ་ཁ་སྒོ་ལྕགས་ཟེར་བ་ཉིན་བརྒྱད་བཅུ་གྱ་གཅིག་རིང་ཁ་ལ་སྒོ་ལྕགས་བརྒྱབ་ནས་སྐད་ཆ་བཤད་རྒྱུ་མེད་ལ་ཉིན་གྱ་གཅིག་རྫོགས་པ་དང་བཙུན་མོ་དེར་སྐད་ཆ་བཤད་པའི་དུས་ཚོད་ཉིན་གསུམ་ཙམ་ཡོད། བཙུན་མོ་དེར་བུ་མོ་ཞིག་ཡོད་པའི་མིང་ལ་བདུད་ཀླུ་རྒྱལ་བུ་མོ་ཟེར་གྱི་ཡོད། གཞན་ཡང་ཁོང་ཚོར་རྟ་རྫི་རིག་པའི་སྒང་ཟེར་བ་ཞིག་དང་གཡོག་པོ་བྱེ་མ་ལ་རི་མགོ་ཟེར་བ་བཅས་ཡོད། 

  ཁོང་ཚོའི་ཕར་ཕྱོགས་དེར་ཆོས་ཀྱི་རྒྱལ་པོ་ཞིག་ཡོད་པ་དེའི་མིང་ལ་རྒྱལ་པོ་སྣང་སྲིད་བློ་གྲོས་ཟེར་བ་དང་རྒྱལ་པོའི་ཡབ་ཀྱི་མིང་ལ་ཕ་སྤྲེལ་རྒན་བྱང་ཆུབ་ཟེར། རྒྱལ་པོ་དེར་གཅེན་མོ་གསུམ་ཡོད་པའི་རྒན་པ་དེར་ཨ་ཅེ་སྣང་ས་མགུ་མགུ་དང་འབྲིང་བ་དེར་ཨ་ཅེ་སྣང་ས་ལྡེམ་ལྡེམ། ཆུང་ཤོས་དེར་ཨ་ཅེ་སྣང་ས་ཞལ་ཞལ་ཟེར། རྒྱལ་པོ་དེར་བཙུན་མོ་ཞིག་ཡོད་པ་དེའི་མིང་ལ་དམན་ཆུང་བྱུ་རུའི་ལན་ཙ་ཟེར། ཁོང་ཚོར་རྟ་རྫི་ཞིག་ཡོད་པ་དེར་རྟ་རྫི་རིག་པའི་ཁྲ་གྲུང་ཟེར། 

  ཉིན་ཞིག་ཉི་མའི་སྔ་དྲོ་ཉིན་ཞིག་ཉི་མའི་ཕྱི་དྲོ། ཤིག་སོ་མ་གཉིས་ཀྱི་རྟ་རྒྱུགས་གཏོང་ས་ལྟ་བུའི་ས་ཆ་ཞིག་ཏུ་བདུད་རྒྱལ་གྱི་བཙུན་མོ་དེས་རྒྱལ་པོ་ཡོངས་རྫོགས་ཚོགས་འདུར་བསྐོངས། ངའི་བུ་མོར་མག་པ་ལེན་དགོས་པའི་གྲོས་བྱེད་དགོས་ཞེས་བཀའ་ཕབ། སྟག་གཟིག་ནོར་གྱི་རྒྱལ་པོ། གྲུ་གུ་གཡུལ་གྱི་རྒྱལ་པོ། སྟོད་ཀྱི་རྒྱ་གར་རྒྱལ་པོ། སྨད་ཀྱི་རྒྱ་ནག་རྒྱལ་པོ་བཅས་ཧྲག་སེ་འཇོམས་པས་བདུད་རྒྱལ་གྱི་བཙུན་མོས་ད་རེས་ངའི་བུ་མོར་མག་པ་ལེན་རྒྱུ་ཡིན་པས་རྒྱལ་པོ་རྣམས་མདའ་རྩལ་བསྡུར་དགོས། སུ་མདའ་ཚ་བ་ཡོད་ནའི་དེ་ངའི་བུ་མོའི་མག་པ་ཡིན་ཞེས་བཤད། འོན་ཀྱང་བུ་མོའི་བློ་ལ་སྟག་གཟིག་ནོར་གྱི་རྒྱལ་པོ་སྣང་སྲིད་བློ་གྲོས་ལས་གཞན་སུ་ཡང་མེད། དེ་ནས་རི་ཞིག་གི་སྟེང་ལ་ལུག་གི་སོག་པ་ཞིག་བཙུགས་ནས་མདའ་རྩལ་འགྲན་པས་རྒྱལ་པོ་སུ་ཞིག་གིས་ཀྱང་མ་ཕོག དེ་ནས་རྒྱལ་པོ་སྣང་སྲིད་བློ་གྲོས་མདའ་བརྒྱབ་རེས་ལ་སླེབས་པས་རྒྱལ་པོ་སྣང་སྲིད་བློ་གྲོས་ཀྱིས་མདའ་བརྒྱབ་ཁར་གླུ་འདི་འདྲ་ཞིག་བླངས་སོ།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1