རྔ་བ་ཁུལ་གྱི་དབུལ་པོའི་བྱིས་པར་རིན་ཐང་ལ་སྒོར་ཁྲི་312ཀྱི་འོ་ཕྱེ་ཞལ་འདེབས་ཐོབ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 04-23


     སྤྱི་ཟླ་4པའི་ཚེས་20ཉིན། ཀྲུང་གོའི་མཛའ་མཐུན་ཞི་བདེ་འཕེལ་རྒྱས་ཐེབས་རྩ་ཚོགས་པ་དང་སི་ཁྲོན་ཞིང་ཆེན་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་མའོ་རྫོང་ནས་ཞལ་འདེབས་མཛད་སྒོ་སྤེལ། ཞལ་འདེབས་མཛད་སྒོའི་སྟེང་ཀྲུང་གོའི་མཛའ་མཐུན་ཞི་བདེ་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་དྲུང་ཡིག་ཆེན་མོ་ཅ་ལེན་དང་། པེ་ཡེན་མེ་རྟགས་ཅན་གྱི་བྱིས་པའི་ཟས་རིགས་ཚད་ཡོད་སྤྱི་གཉེར་ཁང་གི་བྱང་ཁུལ་ཚོང་གཉེར་སྤྱི་གཉེར་བ་ཉིན་ཕིན་གྱིས་རྔ་བ་ཁུལ་མའོ་རྫོང་དང་། ཁྱུང་མཆུ་རྫོང་། ཛམ་ཐང་རྫོང་། གཟི་ཚ་སྡེ་དགུ་རྫོང་བཅས་ཀྱི་དབུལ་པོའི་བྱིས་པ་དང་དྭ་ཕྲུག་ལ་རིན་གོང་ལ་སྒོར་ཁྲི་312ཀྱི་འོ་ཕྱེ་ཞལ་འདེབས་ཕུལ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1