བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས་དཔེ་སྐྲན་འགྲེམ་སྤེལ་བྱས་པ།

འོད་ཟེར་གྱིས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 04-25


བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས།

བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས།

  ཉེ་ལམ། གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མ་རིན་པོ་ཆེས་དངོས་སུ་དབུ་ཁྲིད་དང་བདག་རྐྱེན་གནང་ཞིང་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་འཚོལ་སྡུད་བྱས་པའི་ཇོ་བོ་བཀའ་གདམས་པའི་བསྟན་པའི་སྲོལ་འབྱེད་ཆེན་པོ་དཔལ་ལྡན་ཨ་ཏི་ཤའི་སློབ་བརྒྱུད་གཙོ་བོར་གྱུར་པའི་སྐྱེས་ཆེན་དམ་པ་དྲུག་ཅུ་ལྷག་གི་གསུང་རབ་པོ་ཏི་བརྒྱ་དང་ཉི་ཤུ་ལྷག་ཙམ་བཞུགས་པར་དཀར་ཆག་དང་བཅས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་ཉིས་སྟོང་དྲུག་ནས་ད་ལྟའི་བར་ཏེ་ཉེ་བའི་ལོ་བཅུ་ཕྲག་གཅིག་དང་ཕྱེད་ཙམ་གྱི་རིང་ལ་དཔེ་སྐྲུན་གྱི་བྱ་བ་བགྱིས་ཏེ་བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས་ཀྱི་དཔེ་ཚོགས་ཤིག་མ་དཔེ་དང་ཇི་མ་ཇི་བཞིན་དུ་དཔེ་སྐྲུན་ལེགས་འགྲུབ་བྱུང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1