རང་རྒྱལ་གྱི་ཚན་རིག་ཞིབ་འཇུག་པས་མཚོ་སྔོན་ཡུལ་ཤུལ་དུ་རི་སྐྱེས་གསའ་ཡི་བརྙན་པར་བླངས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 04-26


          ཉེ་ཆར། རང་རྒྱལ་གྱི་ཚན་རིག་ཞིབ་འཇུག་པས་གཙང་གསུམ་འབྱུང་ཡུལ་གྱི་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་དུ་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོག་མའི་བརྟག་དཔྱད་བྱེད་སྐབས། རི་སྐྱེས་གསའ་ཡིས་བཟའ་ཟླ་འཚོལ་བའི་བརྙན་པར་བླངས་འདུག དུས་ཡུན་རིང་པོར་གཙང་གསུམ་འབྱུང་ཡུལ་དུ་ཡུལ་དངོས་བརྟག་དཔྱད་བྱེད་བཞིན་པའི་པེ་ཅིང་སློབ་ཆེན་གྱི་རི་ཆུ་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལྟེ་གནས་ཀྱི་ལས་བྱེད་མི་སྣ་ཀྲའོ་ཞང་གིས་བཤད་རྒྱུར། 2015ལོའི་ཟླ་11པར། ཚན་རིག་ཞིབ་འཇུག་པས་དམར་ཕྱིའི་ཐིག་གི་པར་ཆས་འགས་རྫོང་དེ་གའི་མངའ་ཁོངས་སུ་མི་མེད་པར་བརྙན་བླངས། ཉེ་ཆར་ཕྱིར་ལེན་བྱེད་སྐབས་རི་སྐྱེས་གསའ་ཡིས་བཟའ་ཟླ་འཚོལ་བ་སོགས་ཀྱི་པར་རིས་དེ་དག་པར་དུ་བླངས་འདུག་པ་ཤེས་རྟོགས་བྱུང་།  པར་ལེན་དུས་ཚོད་ནི་ད་ལོའི་ཟླ་1པའི་ཚེས་29ཉིན་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1