༄༅།། གྲུ་གུའི་གོ་རྫོང་།

མི་གསལ། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-17


       འདི་ནི་ཧོར་གླིང་གཡུལ་འགྱེད་ལས་ཅུང་ཟད་ཉུང་ཞིང་།རིང་ཚད་ལ་ཚིགས་བཅད་21528ཡོད་པའི་སྟོད་ཆ།སྨད་ཆ།བར་ཆ་སྟེ་དུམ་པ་གསུམ་ཡོད།གྲུ་གུ་རྒྱལ་པོས་རྒྱལ་ཁབ་ལ་སྟོབས་ཤུགས་ཆེན་པོ་ཡོད་པ་དང་།དམག་ཧྲག་མོ་དང་དམག་དཔོན་ངར་བ་ཡོད་པ་དེ་ལ་བརྟེན་ནས་ག་ས་ག་ལ་རྒྱ་བསྐྱེད་བྱས་ཏེ་དབུས་གཙང་མངའ་རིས་དང་བཅས་པར་བཙན་འཛུལ་བྱས།གེ་སར་གྱིས་གླིང་གི་མངའ་འོག་ན་ཡོད་པའི་ཧོར་དང་།འཇང་།མོན།ཞང་ཞུང་སོགས་ཀྱི་དམག་དཔུང་དང་གླིང་རུ་བ་རང་གི་དམག་རྣམས་བསྡུས་ནས་གྲུ་གུ་ལ་འཐབ་འཁྲུག་བརྒྱབ།ཐེངས་མང་པོར་འཐབ་འཁྲུག་ཆེན་པོ་བརྒྱབ་པས་གྲུ་གུའི་དཔུང་ཆེན་ཕམ་པ་བཏང་སྟེ།དབུས་གཙང་སོགས་བོད་ཀྱི་མངའ་ཁོངས་ཐམས་ཅད་སླར་ཡང་གླིང་གིས་བཟུང་།གེ་སར་རྒྱལ་པོས་གླིང་གི་དཔུང་ཆེན་བྱང་དུ་དྲུངས་ནས་གཡུལ་འཁྲུག་རླབས་པོ་ཆེ་བརྒྱབ་པར་བརྟེན།གྲུ་གུས་གླིང་ལ་མགོ་མི་འདོགས་ཀ་མེད་བྱུང་ནས་གྲུ་གུའི་གོ་མཛོད་ཀྱི་སྒོ་ཕྱེ་ས་ཤིང་།གྲུ་གུའི་ཡུལ་ལ་སངས་རྒྱས་ཀྱི་བསྟན་པ་དར་བར་བྱས་པ་ཡིན་ནོ།།


རྩོམ་ཡིག་སྔོན་མ།
༄༅།། འདན་མའི་ནས་རྫོང་།
རྩོམ་ཡིག་རྗེས་མ།
༄༅།། སུམ་པ་མཛོ་རྫོང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1