ལི་ཁེ་ཆང་གིས་སི་ཁྲོན་སློབ་གྲྭ་ཆེན་མོའི་ལས་ཞུགས་མཛུབ་ཁྲིད་ལྟེ་གནས་སུ་རྟོག་ཞིབ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-27


         སྤྱི་ཟླ་4པའི་ཚེས་25ཉིན། ལི་ཁེ་ཆང་གིས་ཆེད་དུ་སི་ཁྲོན་སློབ་གྲྭ་ཆེན་མོའི་ལས་ཞུགས་མཛུབ་ཁྲིད་ལྟེ་གནས་སུ་རྟོག་ཞིབ་གནང་། ད་ལོར་མཐོ་སློབ་གྱི་སློབ་ཐོན་སློབ་མས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བརྒལ། དེའི་ཐོག་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་ཐོན་སློབ་མ་བསྣན་ན་ལས་ཞུགས་ཀྱི་གནོན་ཤུགས་ཆེན་པོ་ཡོད་པ་རེད། 
ཙུང་ལིས་བཤད་རྒྱུར། སློབ་གྲྭ་ཆེན་མོ་བ་ནི་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་སྒུལ་ཤུགས་ཆེན་པོ་ཡིན་ལ། སི་ཁྲོན་སློབ་གྲྭ་ཆེན་མོ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ཁེལ་བྱས་པའི་ཁག་དང་པོའི་གཉིས་གཏོད་དཔེ་སྟོན་རྟེན་གཞིའི་གྲས་ཤིས་ཡིན། དེས་རྒྱལ་ཡོངས་ཀྱི་གཉིས་གཏོད་ལ་སྣེ་ཁྲིད་བྱེད་དགོས་ལ། ལས་ཞུགས་ལ་འགན་ཁུར་དང་དམངས་འཚོར་ཕན་པ་བསྒྲུབ་པའི་ལས་འགན་དང་དུ་ལེན་དགོས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1