དུས་ཚིགས་དང་པོའི་ནང་སི་ཁྲོན་ཞིང་པའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་3185.6ལ་སླེབས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-27


     གསར་འགོད་པས་སྤྱི་ཟླ་4པའི་ཚེས་25ཉིན་ཞིང་ཨུའི་ཞིང་ལས་ཨུ་ལྷན་ནས་རྒྱུས་ལོན་བྱུང་བ་ལྟར་ན། དུས་ཚིགས་དང་པོའི་ནང་ཞིང་ཆེན་ཡོངས་ཀྱི་ཞིང་ལས་གྲོང་གསེབ་ཀྱི་དཔལ་འབྱོར་དང་ཞིང་པའི་ཡོང་འབབ་ཀྱི་གནས་བབས་ལེགས་པོ་ཡིན་པ་རེད། གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར་3185.6ལ་ཟིན་པ་དང་10.3%འཕར་ཡོད། དེའི་ནང་གི་འཕར་ཚད་མགྱོགས་པའི་གཉེར་སྐྱོང་ཡོང་འབབ་ཁེ་གཙང་སྒོར་968.4ཟིན་ལ། རྒྱུ་ནོར་ཡོང་འབབ་ཁེར་གཙང་སྒོར་50.6ཟིན། སོ་སོར་14.8%དང་14.5%ལ་འཕར་ཡོད།
    ཞིང་ཆེན་ཏང་ཨུའི་ཞིང་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། དུས་ཚིགས་དང་པོའི་ནང་གྲོང་གསེབ་ཀྱི་གསར་བྱུང་ལས་རིགས་འཕེལ་རྒྱས་ཆེན་པོ་ཕྱིན་ཞིང་། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ས་ཁུལ་གྱི་དྲ་རྒྱའི་ཉོ་ཚོང་བསྡོམས་གྲངས་སྒོར་དུང་ཕྱུར་40ལས་བརྒལ་བ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1